དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྤྱི་བདེ་ཁྲུའུ(ཅུས)ཡི་ཁྲུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-29

    ཉེ་ཆར། ལྗོངས་ཡོངས་ཀྱི་སྤྱི་བདེ་ཁྲུའུ(ཅུས)ཡི་ཁྲུའུ་ཀྲང་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཚོགས་འདུ་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་དང་འབྲེལ། ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། 2024ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཐིང་ཀྲང་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་། སྲིད་གཞུང་། སྤྱི་བདེ་པུའུ་ཏང་ཨུད། དེ་བཞིན་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཀའི་བླང་བྱ་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རང་ལྗོངས་ཀྱི་སྤྱི་བདེའི་ལས་དོན་དེང་རབས་ཅན་ལ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་པོས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། ཚད་གཞི་མཐོ་པོས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་འགན་ལེན། སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ངང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་། སྤུས་ཚད་མཐོ་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས། འགོ་འཛུགས་ས་མཐོ་པོས་སྤྱི་བདེའི་སྒྱུར་བཅོས་གསར་གཏོད་གཏིང་ཟབ། སྤུས་ཚད་མཐོ་པོས་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ལ་སྐུལ་འདེད། བླང་བྱ་མཐོ་པོས་ཉམས་སད་ཐེག་པའི་ས་མཐོའི་སྤྱི་བདེའི་དམག་ཧྲག་གཏོད་པ། སྤྱི་བདེའི་འཐབ་ནུས་གསར་པ་མགྱོགས་མྱུར་གྲུབ་པ་དང་ལེགས་གཏོང་བཅས་བྱས་ནས། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་ཏེ། འདི་ལོའི་རང་ལྗོངས་ཀྱི་སྤྱི་བདེའི་ལས་དོན་གྱི་དམིགས་ཚད་ལས་འགན་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།