དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-28

    ཟླ་1ཚེས་25ཉིན། རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

    ཟླ་1ཚེས་25ཉིན། རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་རང་འགུལ་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས།

     ཚེས་25ཉིན། རང་སྐྱོང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ་དང་རང་ལྗོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་ལ་རང་འགུལ་ངང་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལིའུ་ཅང་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཅིག་སྡུད་བཀོད་སྒྲིག་ཅིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ་དང་མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་ནས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ། མཉམ་ལས་ལས་ཕྱོད་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་ཆེ་རུ་གཏོང་བ་བཅས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སྦྲེལ་ཚིགས་དང་འཕེལ་རིམ་སྟངས་འཛིན་དང་། བཀོད་སྒྲིག་ཞིབ་ཚགས། དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་འགན་ནུས་མ་ལག་ཧུར་ཐག་འཛུགས་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་འཚམ་པ་དང་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་བཞག་སྟེ། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ལས་ཀའི་ལམ་སྲོལ་ལེགས་སུ་བཏང་ནས།སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་སྟེ། ཏང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དེ་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱེད་པ་དང་ཏང་གི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་འདོན་སྤེལ་སྔར་ལས་ཡག་པོ་བྱས་ཏེ། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་དང་ལེགས་སུ་གཏོང་བར་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། ནུས་རྒྱུ་དང་། མ་འཇོག གྲངས་གཞི་དོ་དམ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་བྱེད་སྟངས་སྔར་ལས་ལེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བར་འགན་ལེན་བྱེད་དགོས། སྲིད་འཛིན་ཁྲིམས་སྒྱུར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། རྫོང(གྲོང་ཁྱེར་དང་ཆུས)གིས་གཙོ་བོར་བྱས་པའི་སྲིད་འཛིན་ཁྲིམས་སྒྱུར་སྒྲིག་སྲོལ་འཛུགས་པ་དང་ཆབས་ཅིག སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྒྱུར་དཔུང་ཁག་ཟླ་སྒྲིལ་གཏོང་བ་དང་། ཁྲིམས་སྒྱུར་རིམ་པ་ཉུང་དུ་གཏོང་བ། ཁྲིམས་སྒྱུར་སྟོབས་ཤུགས་མངགས་གཏོང་བྱེད་པ། ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བ། སྲིད་གཞུང་སྡེ་ཚན་གྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ། དྲང་གཞག་དང་ཡ་རབས་ཀྱི་ཁྲིམས་སྒྱུར་ནན་ཏན་གྱིས་ཚད་ལྡན་དུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྟབས་བདེ་ལ་ལས་ཕྱོད་ཆེ་བའི་གཞི་རིམ་དོ་དམ་སྒྲིག་སྲོལ་འཛུགས་པར་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་ཁྱེར་དང་རྫོང་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་། སྒྲིག་ཁོངས་ཁྱད་པར་ཅན་གྱི་བཀོད་སྒྲིག་དང་སྟབས་བསྟུན་ལེགས་སྒྲིག་བྱེད་པ། ཤང་དང་གྲོང་རྡལ་ལ་དབང་སྤྲོད་ནུས་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་དབང་ཆ་གཞི་རིམ་ལ་སྤྲོད་པ་དང་། གཞི་རིམ་གྱི་དོན་དག་གཞི་རིམ་དུ་སྒྲུབ་པ། གཞི་རིམ་གྱི་དོན་དག་སྒྲུབ་མཁན་ཡོད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས། མཉམ་ལས་ཕན་ཆེ་ཞེས་པའི་གཞི་རྩའི་རྩ་དོན་འདིར་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་། ལམ་སྲོལ་ལེགས་སུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པར་སྣང་ཆེན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ཚད་ཡོད་ཐོན་ཁུངས་བེད་སྤྱོད་འདང་ངེས་དང་ཡག་པོ་བྱེད་པ། རྩོད་རྙོག་སེལ་མཁས་པོ་དང་གནད་འགག་ཆེ་སར་དམ་འཛིན་བྱེད་མཁས་པོ་བྱེད་པ། སྒྲིག་གཞི་བཀོད་སྒྲིག་བྱ་ཚུལ་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་ལ་ཁུ་འདུས་ལས་འཕེར་ཡོང་བ་བཅས་བྱས་ཏེ། “འགན་ནུས་ཁ་གསལ”དང“འགན་འཁྲི་གཙང་སྒྲུབ”ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས་ཕན་འབྲས་ཆེ་ཞིང་བདེ་བླག་ངང་འཁོར་སྐྱོད་ཐུབ་པ་དངོས་འབྲེལ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་དུས་བཀག་ལྟར་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ད་ཐེངས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡོད་པས། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ལ་འགོ་ཁྲིད་བྱེད་པ་དང་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བཅས་བྱེད་དགོས་པ་དང་། ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་སྒྲུབ་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་སྔ་སྣུར་དུ་ཇུས་འགོད་བྱེད་པ་དང་། འགན་འཁྲི་ཞིབ་ཚགས་སུ་གཏོང་བ། བྱ་ཐབས་ལེགས་སུ་གཏོང་བ། དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་འགན་རང་གིས་འཁུར་བ་མ་ཟད། ད་དུང་ཕྱར་བ་གྲུ་འདེགས་གང་ཐུབ་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། སྒྱུར་བཅོས་ཀྱི་སྙིང་དོན་ལ་གོ་བ་ཡང་དག་ལེན་པ་དང་། སྒྱུར་བཅོས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་བསྟུན་པ། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྒྱུར་བཅོས་དང་བརྟན་ལྷིང་གཉིས་དང་སྒྱུར་བཅོས་དང་འཕེལ་རྒྱས་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ནས་སྒྲིག་གཞི་སྒྱུར་བཅོས་ཀྱི་རྒྱུགས་འབྲས་གཟེངས་སུ་ཐོན་པ་ཞིག་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།