ཝང་ཅུན་ཀྲེང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་དང་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་སོགས་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།
ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་དང་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་སོགས་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་། འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གནམ་གཤིས་ལས་ཁུངས་སུ་ཕེབས་ཏེ་གནམ་གཤིས་ལྟ་ཞིབ་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་བ། གནམ་གཤིས་ཞབས་ཞུ་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་ལས་དོན་མི་སྣར་འཚམས་འདྲི་གནང་བཞིན་པ།
ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་དང་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་སོགས་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གདོང་དཀར་གྲོང་སྡེའི་ཚོང་རར་ཕེབས་ཏེ་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞིབ་བཤེར་གནང་བ་མ་ཟད། འབྲས་དང་། གྲོ་ཞིབ། སྣུམ། ཤ སྒོ་ང་། སྔོ་ཚལ། ཤིང་འབྲས་སོགས་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་། ཟོག་ཁུངས་སྒྲིག་འཛུགས། སྤུས་ཚད་རིན་གོང་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།
ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དཀྲི་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་ནས་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་དང་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས།
ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་དང་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་སོགས་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་འབྲེལ། འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་སྐབས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་དགོས་ཤིང་། ཚད་མཐོའི་མཐོང་ཆེན་དང་། འགན་འཁྲི་ནན་དཀྲི། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་དང་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གནམ་གཤིས་ལས་དོན་ནི་ཚེ་སྲོག་བདེ་འཇགས་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག་བཅས་དང་འབྲེལ་བ་ཡོད་ལ། དེ་ནི་རང་བྱུང་གནོད་འཚེར་ཁ་གཏོད་གཅོག་པའི“མིག་རྒྱང་རིང་ལ་ཐོས་རྒྱ་ཆེ་བའི་རྣ་མིག”ལྟ་བུའང་རེད། ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་སུ་ཕེབས་ནས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་བ། གནམ་གཤིས་ཞབས་ཞུ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་ལས་དོན་མི་སྣར་འཚམས་འདྲི་ཡང་གནང་བ་རེད།
ཝང་ཅུན་ཀྲེང་ལྷ་ས་སྣེའུ་རླངས་འཁོར་བབས་ཚུགས་སུ་ཕེབས་ཏེ། འགྲུལ་སྐྱེལ་འགན་ལེན་དང་སྟབས་བསྟུན་འཁོར་གཏོང་སོགས་ཀྱི་ལས་དོན་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། མེ་འཁོར་སྒུག་སར་བསྡད་པའི་འགྲུལ་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་ཚོ་ལམ་བར་དུ་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།
“ཟ་འབྲུ”དང་ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཀྱི་གྲངས་འབོར་འདང་ངེས་དང་རིན་གོང་བརྟན་པོ་ཡོད་མེད་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད། ཝང་ཅུན་ཀྲེང་གིས་གདོང་དཀར་ཞིང་ཟོག་ཁྲོམ་རར་ཕེབས་ཏེ་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞིབ་བཤེར་གནང་བ་མ་ཟད། འབྲས་དང་། གྲོ་ཞིབ། སྣུམ། ཤ། སྒོ་ང་། སྔོ་ཚལ། ཤིང་འབྲས་སོགས་འཚོ་བའི་མཁོ་ཆས་ཁྲོམ་རར་མཁོ་སྤྲོད་དང་། ཟོག་ཁུངས་སྒྲིག་འཛུགས། སྤུས་ཚད་རིན་གོང་སོགས་ཀྱི་སྐོར་ལ་ཡང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དེ་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས། ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བ་གང་ལེགས་མཚོན་གྱི་ཡོད། དེས་ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།“དུས་ཆེན་གཉིས”འཆར་ཉེའི་མཚམས་སུ་གྲང་རྒྱུན་ཉིས་བརྩེགས་ཀྱི་གནམ་གཤིས་བསྟན་པའི་ཤུགས་རྐྱེན་ཐེབས་ཏེ། རང་བྱུང་གནོད་འཚེ་དང་། འགྲིམ་འགྲུལ་ལས་འཛོལ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སོགས་ཐོན་སླ་བ་དང་ཐོན་མང་བས། བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་འཛོལ་བདའ་འདེད”བཅས་ཀྱི་བླང་བྱ་ལྟར། སྡེ་ཚན་གྱི་ལྟ་འདོམས་ཀྱི་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། འཕྲལ་སྡོམ་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། འགན་འཁུར་བློ་མཐུན་གཙོ་བོས་མཐའ་ཚད་བརྟན་སྲུང་དང་། ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། འཐབ་ས་དང་པོར་སྐྱོད་པ་དང་། མདུན་ཕྱོགས་སུ་བསྐྱོད་ནས་བཀོད་འདོམས། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ། ཆ་འཕྲིན་སྙན་སེང་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། འགན་འཁྲི་ལས་གནས་དང་མི་སྣར་དོན་འཁྱོལ་དང་། ཆ་འཕྲིན་བརྒྱུད་སྤྲོད་དུས་ཐོག་ཡང་དག འཕྲལ་སྡོམ་ཐག་གཅོད་མགྱོགས་མྱུར་ནུས་ལྡན་བཅས་ཡོང་བར་བྱེད་དགོས།
“མངོན་མེད་རྐྱེན་ངན་དེ་ལས་འཛོལ་རང་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལས་འཛོལ་ཚབས་ཆེན་ལ་བརྩིས་བ། ཉེན་ཁར་ཞིབ་འཇུག་དང་དུས་བབ་ལ་དབྱེ་ཞིབ་བྱེད་པ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས། ཟུར་བསྟན་ལེབ་མཐོང་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་པ། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་དང་། གཙོ་གནད་གནས་ཡུལ། གཙོ་གནད་ཕྱོགས་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་། འབར་རླངས། འབར་གས་སླ་བའི་དངོས་རྫས་སོགས་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གྲལ་བཤེར་དང་། གཙང་བཤེར། བཅོས་སྒྲིག་བཅས་མཐར་ཕྱིན་པ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་པའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྤྱི་པའི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་དྲ་བ་ཧུར་ཐག་འཛུགས་པ་དང་། བདེ་འཇགས་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་འཛུགས་སྐྲུན་མགྱོགས་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་དང་། ཚན་རིག་ཅན། བརྒྱུད་རིམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རང་ལྗོངས་སུ་རང་བྱུང་གནོད་འཚེ་ཐོན་སླ་བ་དང་ཐོན་མང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་མང་བ་དང་ཐོན་རྒྱ་ཆེ་བ། འགྲོ་ལམ་འགྲིམ་འགྲུལ་གནས་ཚུལ་རྙོག་འཛིང་ཆེ་བ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ། གངས་འཁྱགས་སོགས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་། གེགས་འགོག་གེགས་སེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ལམ་འགྲིམ་འགྲུལ་དང་། དམངས་འཚོ་རོགས་སྐྱོབ། མི་སྣ་འདུ་འཛོམས་ཆེ་ས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་དང་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་བྱུང་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་དོགས་ཟོན་གྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་དཔེ་མཚོན་ལས་འཛོལ་གྱོད་དཔེར་དབྱེ་ཞིབ་བྱས་ནས། གེགས་འགོག་གེགས་གཡོལ་བྱེད་ནུས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱི་སྤྱི་པའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་ཞུགས་པ་རེད།