དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-22

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཕེབས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འོས་སྐུལ་འོས་དཔོད་དོ་དམ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།

    ཁྲེན་ཡུང་ཆིས་ལས་སྒྲུབ་སྐར་ཁུང་དུ་འཚམས་འདྲི་གནང་བཞིན་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་མྱོང་ཚོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། སྡེ་ཚན་དང་དོན་ཚན་བཅའ་སྡོད་དང་། “རིམ་གསུམ་སྐར་ཁུང་ཀུན་སྒྲུབ” “དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་སོགས་དང་དེ་བཞིན། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་འཁོར་སྐྱོད་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱེད་པའི་འགག་རྩ་ཡིན་ལ། དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དེ་ཉིད“འདུ་འགོད་དང་པོར”བརྩིས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཀྱིས་འདོན་འཆར་ཡོད་པའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག་ལག་བསྟར་ཡག་པོ་བྱས་ནས་འདི་ལོ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་ཇུས་འགོད་ཡག་པོ་བྱེད་པ་དང་། ཚད་གཞི་དང་ཡང་ཡང་བསྡུར་བའི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ། ཞིབ་མཆན་འགོད་པའི་དོན་ཚན་ཉུང་དུ་གང་ཐུབ་གཏོང་བ་དང་། ལས་སྒྲུབ་ཀྱི་ལྷུ་ཚིགས་ཉུང་དུ་གཏོང་བ། ལས་སྒྲུབ་ཀྱི་དཔྱད་ཡིག་ཞིབ་ཚགས་སུ་གཏོང་བ། སྒྲུབ་གཉེར་དུས་ཚད་ཐུང་དུ་གཏོང་བ་བཅས་བྱས་ཏེ་ཞིབ་མཆན་འགོད་པའི་དོན་ཚན་ཉུང་ཤོས་དང་། ཞིབ་མཆན་འགོད་པའི་དུས་ཚོད་ཐུང་ཤོས། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་ཤོས། ཞིབ་མཆན་འགོད་པའི་ཞབས་ཞུ་ཡག་ཤོས་བཅས་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་གཏོད་དགོས། སྲིད་དོན་ཞབས་ཞུའི་གྲངས་གཞི་མཉམ་སྦྲེལ་མཉམ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“དྲ་གཅིག་ཀུན་སྒྲུབ”དང“ཞིང་གྲོལ་ཀུན་སྒྲུབ”ཡོང་བར་བྱེད་དགོས། 12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ནུས་པ་གང་ལེགས་བཏོན་ནས་སྟབས་བདེ་དང་། ནུས་ཆེ། ཚད་ལྡན། རིག་ལྡན་བཅས་ཀྱི་སྲིད་དོན་ཞབས་ཞུའི“སྤྱི་པའི་ཚོང་ཞབས་ལས་སྟེགས”ཧུར་ཐག་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དང་ཚུར་སྣང་ལན་ཆ་ཆེ་བའི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ་དུས་བཀག་ལྟར་དག་ཐེར་དོན་འཁྱོལ་བྱེད་པ་དང་འབྲེལ། ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཞུ་སྦྱོར་དང་ཐེར་འདོན་གོང་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་དང་སྤྱི་དམངས་བློ་ཡིད་ཚིམ་ཚད་ཁྲིད་སྟོན་དུ་བྱེད་པའི་གདེང་འཇོག་ལམ་སྲོལ་འཛུགས་པ། “ནང་དངོས་མཐུན་རྐྱེན”རྒྱུན་མཐུད་ལེགས་སུ་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་བོད་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་གྱི་གྲངས་འབོར་347ནས་185བར་ཕྱེད་ཀ་ཙམ་ཉུང་དུ་སོང་ཡོད། སྒྲུབ་གཉེར་དུས་ཚོད་ཀྱི་ལས་ཉིན་16.1ནས་12.4བར་ཉུང་དུ་ཕྱིན་ནས་གཉེར་སྐྱོང་བྱེད་པོ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།