དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་ཤུགས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2024ལོའི་ཆེད་དོན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-18

    ཟླ་1ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་ཤུགས་ཅན་སྒྱུར་བཀོད་རྣམ་གྲངས་ཀྱི་2024ལོའི་ཆེད་དོན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ་2023ལོའི་རྣམ་གྲངས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་སྡོམ་དང་2024ལོའི་ལས་འགན་བཀོད་སྒྲིག་གནང་བ་རེད།

    ལའེ་ཅའོ་ཡིས། མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་ཤུགས་ཅན་སྒྱུར་བཀོད་རྣམ་གྲངས་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་འགན་འཁྲི་ཡང་ལྕི་པོ་ཡོད། འགན་འཁྲིའི་སྡེ་ཚན་ཁག་གིས་སྔ་ལམ་འགྱུར་མེད་ཀྱི་བསམ་བློ་དོར་ནས་དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་རྒྱུན་འཁྱོངས་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། རྣམ་གྲངས་གལ་ཆེན་སྔ་ཙམ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འདོན་དགོས། ཚད་གཞི་བཟོ་བ་དང་། ཚད་གཞི་དང་བསྡུར་བ། ཚད་གཞི་ལོན་པ་བཅས“ཚད་གཞི་གསུམ”གྱི་ལས་ཀའི་བྱ་ཐབས་མཐའ་འཁྱོངས་ཀྱིས་ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ་དང་། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། བྱ་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་ཐབས་མང་མཉམ་འདོན་གྱིས་འགག་སྒྲོལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ནུས་པ་ལྡན་པ་དང་། གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། བསམ་བློ་མང་ཙམ་གཏོང་བ་དང་། ལག་པ་ཡང་སེ་འགུལ་བ། སྐད་ཆ་མང་ཙམ་འདྲི་བ། རྐང་པ་ཡང་ཙམ་བྱེད་པ། དམ་འཛིན་གནད་སྨིན་བྱེད་པ་བཅས་ཀྱི་ལས་ཀའི་བྱ་ཐབས་སྤྱད་དེ། རང་འགུལ་ངང་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་མཚོ་སྔོན་ཞིང་ཆེན་དབར་གྱི་འབྲེལ་གཏུག་དང་། སྙན་ཞུ། འབྲེལ་མཐུད་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། རྣམ་གྲངས་སྙན་ཞུ་དང་ཡིག་ཆ་གལ་ཆེན་སྔོན་སྒྲུབ་སོགས་ཀྱི་རྨང་གཞིའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རྣམ་གྲངས་བདེ་བླག་ངང་ལས་འགོ་འཛུགས་པར་འགན་ལེན་བརྟན་པོ་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་འཐབ་ཕྱོགས་དང་པོར་ལྟ་སྐུལ་མཛུབ་ཁྲིད་དང་ས་གནས་ས་ཐོག་གི་བཀོད་གཏོང་ལ་ཤུགས་སྣོན་དང་། རྣམ་གྲངས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱེད་དགོས། རྣམ་གྲངས་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་སྲིད་གཙང་ཉམས་ཉེན་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཐབས་ཇུས་དང་། འཆར་འགོད། ཞིབ་མཆན། འཛུགས་སྐྲུན། དཔྱད་དཔོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། མཚོ་བོད་ལྕགས་ལམ(བོད་ལྗོངས་དུམ་བུ)གློག་ཤུགས་ཅན་སྒྱུར་བཀོད་རྣམ་གྲངས་དེ“སྤུས་དག་འདུ་འགོད”དང་།“བློས་འཁེལ་འདུ་འགོད”“སྤྱོད་གཙང་འདུ་འགོད”བཅས་སུ་ཏན་ཏིག་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།