དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-17

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ནས《སྲོལ་ཡིག》བཟོ་བཅོས་བརྒྱབ་སྟེ་འཐུས་སྒོ་ཚང་དུ་བཏང་བ་འདིའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམ་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད་པས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་ཧུར་ཐག་བཏང་ནས་སྲོལ་ཡིག་གི་ནང་དོན་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ལས་དོན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག་རང་ཉིད་དང་། ལས་ཀ འགན་འཁྲི་བཅས་སྲོལ་ཡིག་དང་ཞིབ་བསྡུར་བྱས་ནས་ཇི་མ་ཇི་བཞིན་ལག་བསྟར་གྱིས་དམ་ཞིང་ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་སྒྲིག་ཁྲིམས་ཀྱི་རྩ་བ་འདིར་དམ་འཛིན་བྱས་ཐོག “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་གལ་ཆེ་ཤོས་སུ་བརྩིས་ནས་སྒྲིག་ཁྲིམས་གཞན་དག་ཕྱོགས་ཡོངས་ནས་དམ་ནན་ཡོང་བར་སྐུལ་ཁྲིད་བྱེད་དགོས། སྒྲིག་བསྟར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བསྟར་རྒྱུ་མཐའ་འཁྱོངས་བྱས་ཐོག དུས་དང་རྣམ་པ་ཀུན་ཏུ་དམ་ཞིང་ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་བྱེད་དགོས་པ་དང་། “རྣམ་པ་བཞི”གནད་སྨིན་སྤྱད་དེ་དོ་དམ་ལྟ་སྐུལ་ནན་པོ་བྱ་རྒྱུ་དང་འགན་འཁུར་ལས་སྒྲུབ་བྱེད་པར་ལྕག་སྐུལ་བྱ་རྒྱུ་གཅིག་གྱུར་བྱས་ནས། ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། ཁྲིམས་སྒྲིག་གི་ཕན་འབྲས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། སྒྲིག་ཁྲིམས་སློབ་གསོར་ཤུགས་བརྒྱབ་སྟེ་གྱོད་དཔེ་དྲངས་ནས་ཁྲིམས་སྒྲིག་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཐོག《སྲོལ་ཡིག》སློབ་སྦྱོང་བྱེད་པ་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་དང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་གསོའི་སློབ་ཚན་ནང་བཅུག་སྟེ། འགྱུར་མེད་དམ་ནན་གྱི་སྒྲིག་ཁྲིམས་དེ་ཏང་ཡོན་ལས་བྱེད་པའི་དུས་རྒྱུན་གྱི་གོམས་གཤིས་དང་རང་རྟོགས་ངང་བརྩི་སྲུང་ཞུ་ཡུལ་དུ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།