དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཁྲེན་ཡུང་ཆིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-17

    ཟླ་1ཚེས་14དང་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཨར་ལས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་བརྟག་ཞིབ་གནང་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དགོན་སྡེའི་རྒྱུན་གཏན་གྱི་དོ་དམ་ལ་འབྲེལ་གཏུག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་སྡོད་ལས་དོན་རུ་ཁག་དང་དགོན་སྡེ་དོ་དམ་ཨུ་ལྷན་སོགས་ཀྱི་གཞི་རིམ་རྩ་འཛུགས་དང་ལས་བྱེད་ལས་བཟོར་འཚམས་འདྲི་ཡང་གནང་བ་རེད།

    ལྷ་གཞིས་མྱུར་བགྲོད་གཞུང་ལམ་སྲིན་གདོང་པ་ཕུག་ལམ་གྱི་ཨར་ལས་ཁུལ་དུ། ཁྲེན་ཡུང་ཆིས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ནི་ལྷ་ས་ལྟེ་བར་བྱས་པའི་གྲོང་ཁྱེར་ལྔའི་དབར་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་སྒྲོམ་གཞི་གཙོ་བོ་ཡིན་པས་བདེ་འཇགས་ཨང་དང་པོ་དང་སྤུས་ཚད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་དག་ལས་གྲྭ་དང་བདེ་འཇགས་ལྡན་པའི་ལས་གྲྭ་ཧུར་ཐག་བསྐྲུན་ནས་དུས་ཐོག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཨར་སྐྲུན་པའི་གཟུགས་གཞི་བདེ་ཐང་ལ་དམིགས་བསལ་ཐོག་སེམས་ཁུར་བྱས་ཏེ་ཁོང་ཚོར་ལས་ཀའི་ཆ་རྐྱེན་བཟང་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ས་སྐྱ་རྫོང་བདེ་སྐྱིད་གླིང་གྲོང་ཚོ་དང་དྲོད་རླངས་མཁོ་འདོན་རྣམ་གྲངས་ལས་ཡུལ་དུ། ཁྲེན་ཡུང་ཆིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ཆུ་དང་གསང་སྤྱོད་སྒྱུར་བཀོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས། གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། ཚན་རྩལ་ཆེད་བསྐོས་ལས་བྱེད་པ་སོགས་ཀྱི་ནུས་པ་ཡག་པོ་བཏོན་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ། གྲོང་ཚོའི་ལས་བྱེད་པའི་འགན་སྒྲུབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བསམ་བློའི་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཏང་ཡོན་དང་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བྱེད་དགོས་པ་དང་། དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་ས་བབ་མཐོ་བའི་ཁུལ་དུ་དྲོད་རླངས་དང་གསོ་རླུང་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ས་སྐྱ་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་དུ། ཁྲེན་ཡུང་ཆིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “འདུ་ཤེས་གསུམ”གྱི་སློབ་གསོར་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དགོན་སྡེའི་གློག་དང་་མེ་ཟོན་སོགས་རྒྱུན་གཏན་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།