དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དམངས་ཀྱི་འདུན་པ་མང་པོ་མཚོན་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞིག

    —— བོད་ཀྱིས་ལོ་3བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དྲ་རྒྱ་ནས་བསམ་འཆར་བསྡུ་ལེན་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝུའུ་ཡུས་རེན།   |     སྤེལ་དུས།  2024-01-15

    མང་ཚོགས་ཀྱི་འབོད་སྒྲ་ཉན་ནས་དམངས་ཀྱི་འདུན་པ་མཚོན་པའི་ཐབས་ལམ་ཟམ་མི་ཆད་པར་ཡངས་སུ་གཏོང་བ།

    ཟླ་1ཚེས་7ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། དྲ་དམངས“ཞུས་ཏུང་དབྱང་གིས་2024ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལས་དོན་བསམ་འཆར་བསྡུ་ལེན་ནང་། སྡེ་ཁུལ་དང་། མཛེས་ལྗོངས་ཁུལ། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ལམ་རྒྱུད་བཅས་སུ་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་སྒྲིག་སྦྱོར་བྱེད་རོགས”ཞེས་བཏོན་པའི་གྲོས་འགོ་དང་ལེན་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་ཡོད་པ་མཐོང་བས་དགའ་ཚོར་ཆེན་པོ་སྐྱེས།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་མི་དམངས་དྲ་བའི“འགོ་ཁྲིད་ཀྱི་ལན་འཇོག་བྱང་བུ”བརྒྱུད་དངོས་ཡོད་དང་གོ་རིམ་ལྡན་པའི་དམངས་གཙོ་སྲིད་ཞུགས་ཀྱི་བགྲོད་ལམ་བཏོད་དེ། ལོ་3བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་པར་དམིགས་ནས་སྤྱི་ཚོགས་སུ་བསམ་འཆར་དང་གྲོས་འགོ་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་པ། དེ་རང་སྐྱོང་ལྗོངས་སྲིད་གཞུང་གིས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས། དམངས་ཀྱི་འདུན་པ་མཚོན་པ་བཅས་བྱས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྲིད་གཞུང་དང་མི་དམངས་དབར་ཕན་ཚུན་སྤེལ་རེས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    དྲ་རྒྱ་ནས་སྲིད་དོན་འདྲི་བ་ནི་དེང་སྐབས་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད། 2024ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་མ་འཚོག་གོང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་མི་དམངས་དྲ་བ་དང་མཉམ་དུ“འགོ་ཁྲིད་ཀྱི་ལན་འཇོག་བྱང་བུ”བརྒྱུད་ནས་སྲིད་གཞུང་ལས་དོན་གྱི་བསམ་འཆར་བསྡུ་ལེན་འཕྲིན་བྱང་བཟོས་ཏེ། སྤྱི་ཚོགས་སུ་2024ལོའི་སྲིད་གཞུང་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཡོངས་བསྒྲགས་ངང་བསྡུ་ལེན་བྱས་པ་རེད།

    “ད་ཐེངས་ཀྱི་དྲ་རྒྱ་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་ནི་བརྒྱུད་རིམ་ཧྲིལ་པོ་མི་དམངས་དམངས་གཙོ་ཡིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པ་དེས‘མི་དམངས་ལྟེ་བར་འཛིན་པའི’འཕེལ་རྒྱས་ཀྱི་བསམ་བློ་མངོན་པ་དང་ཚང་མས་བོད་ཀྱི་འཕེལ་རྒྱས་ཆེད་ཐབས་འདོན་ཇུས་འབུལ་དེ་བས་ལེགས་པའི་ངང་འདོན་ཐུབ་ཆེད་ཡིན”

    མི་དམངས་མང་ཚོགས་ཀྱིས་དང་ལེན་རྒྱ་ཁྱབ་བྱས་པ་དང་ཧུར་ཐག་ཞུགས་པར་བརྟེན། བྱེད་སྒོ་སྤེལ་རིང་བསམ་འཆར་དང་གྲོས་འགོ་སྣ་ཚོགས་1100ཙམ་བསྡུ་ལེན་བྱས་ཡོད་པ་རེད།

    བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་བསམ་འཆར་བསྡུ་ལེན་བྱེད་སྒོར་གདེང་འཇོག་མཐོ་པོ་བྱས་ནས་བྱེད་སྟངས་དེ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་མཁན་ཚོགས་ཆུང་གིས“ད་ཆ། ལས་སྟེགས་ཀྱི་གྲོས་འགོ་ཁྱབ་རྒྱ་ཆེ་རུ་དང་མང་ཚོགས་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་པ་དང་སྦྲགས་གྲོས་འགོ་སྔར་བས་མང་དུ་དང་། སྤུས་ཚད་སྔར་བས་ལེགས་སུ། རིན་ཐང་སྔར་བས་ཆེ་རུ་བཅས་འགྲོ་བཞིན་ཡོད”“དམངས་ཀྱི་འདུན་པ་མཚོན་པའི་ཐབས་ལམ་ཟམ་མི་ཆད་པར་ཡངས་སུ་བཏང་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་གྱི་རྣམ་པ་གསར་པ་གང་ལེགས་མངོན་པར་བྱས་ཏེ་ཚང་མས་ཤེས་པ་དང་། ཚང་མ་ཞུགས་པ། ཚང་མས་བསྔགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཀྱི་ཡིན”ཞེས་བཤད།

    མང་ཚོགས་ཀྱི་དོ་ཁུར་ལ་ལན་བསློགས་པ་དང་གནད་དོན་དངོས་ཐག་གཅོད་བྱས་ཏེ“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་སེལ་བ།

    དྲ་དམངས“ཤའོ་ཤུས་ཏུང”གིས་བཏོན་པའི“‘གྲངས་གཞི་ཆེན་པོའི’ཚན་རྩལ་འགག་སྒྲོལ་དང‘གྲངས་རྩིས’མཉམ་སྒུལ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་ཚན་རྩལ་གྱིས་གཙོ་ཁྲིད་བྱེད་པའི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ནས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས”ཞེས་བསམ་འཆར་བསྡུ་ལེན་བྱེད་སྒོར་བཏོན་པའི་གྲོས་འགོ་འདི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཅུག་པ་མ་ཟད། ད་དུང“གཙོ་གནད་ཚོད་ལྟ་ཁང་དང་གསར་གཏོད་ལས་སྟེགས་གལ་ཆེན་ཁག་གཅིག་བཀོད་སྒྲིག་ཡག་པོ་བྱས་ནས་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཁྱད་ལྡན་གྱི་ཡང་བའི་བཟོ་ལས། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་ཞིབ་གྲུབ་འབྲས་དང་ཉེར་སྤྱོད་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་རྒྱུ་རེད། ནོར་སྲིད་ཀྱི་ཚན་རྩལ་གཏོང་ཆ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་ནས་འདི་ལོ་ནོར་སྲིད་ཀྱི་ཚན་རྩལ་གཏོང་ཆ་ལྡབ་གཅིག་འཕར་བར་འགན་ལེན་བྱ་རྒྱུ་རེད”ཅེས་ལན་གསལ་པོ་ཞིག་ཀྱང་བཏབ་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། “ཤའོ་ཤུས་ཏུང”དང་འདྲ་བའི་མང་ཚོགས་མི་ཉུང་བ་ཞིག་གིས་བྲིས་པའི་བསམ་འཆར་དང་གྲོས་འགོ་དག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་པ་མ་ཟད་སྲིད་གཞུང་གི་ལས་དོན་གྱི་ཞིབ་ཕྲའི་བྱ་ཐབས་སུའང་བསྒྱུར་ཡོད་པ་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་ཕྱོགས་གང་ས་ཅི་ཐད་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་གསལ་པོ་བཏབ་པ་མཐོང་ཐུབ།

    དྲ་དམངས“zhhcp”ཡིས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པར། སྙན་སྒྲོན་ནང“ཁ་དན་ཚིག་གནས་ཀྱི་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དོན་བྱ་སྤྱོད་སྤེལ་ནས་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་སྲིད་གཞུང་གི་བྱེད་སྤྱོད་མཐའ་དག་མཐའ་གཅིག་ཏུ་དག་ཐེར་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཚང་མར་ཡོངས་བསྒྲགས་ངང་བརྡ་ཁྱབ་གཏོང་གི་ཡིན་ཞེས་ཁ་གསལ་བཏོན་ཡོད།

    ལན་འཇོག་རེ་རེ་བཞིན་ལ་བལྟས་ན་ཚང་མ“ཏིལ་འབྲུ་ཙམ”གྱི་དོན་ཆུང་ཡིན་མོད། འོན་ཀྱང་དོན་དངོས་ཐོག་ཚང་མ་དམངས་འཚོའི་དོན་ཆེན་དང་འབྲེལ་བ་ཡོད་པ་ཤ་སྟག་རེད།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་མཁན་ཚོགས་ཆུང་གིས“རེ་སྒུག་རེ་རེ་དང་ཐབས་ཇུས་རེ་རེ་ལས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་འདོད་མཚོན་པ་མ་ཟད། ལས་རིགས་ཁག་གི་བློ་གྲོས་ཀྱང་གཅིག་ཏུ་འདུས་ཡོད” “དྲ་དམངས་ཀྱི་གྲོས་འགོ་འབྱོར་རྗེས་ང་ཚོས་དོན་ཚན་རེ་རེ་བཞིན་ལ་ཞིབ་འཇུག་དང་། ཡང་དང་བསྐྱར་དུ་བསམ་གཞིགས་བྱས་ནས་བསྡུ་ལེན་ཐུབ་རིགས་ཚང་མ་བསྡུ་ལེན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱེད་པ།

    དྲ་རྒྱའི་མང་ཚོགས་ལས་དོན་ནི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལས་དོན་དེར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་པོ་བྱས་ནས་མི་དམངས་དྲ་བའི“འགོ་ཁྲིད་ཀྱི་ལན་འཇོག་བྱང་བུ”ཞེས་པའི་དྲ་རྒྱའི་མང་ཚོགས་ལས་དོན་གྱི་ལས་སྟེགས་ཧུར་ཐག་སྤྱད་དེ་དམངས་འཚོའི་ཁྱབ་ཁོངས་ཀྱི“འགག་རྩའི་དོན་ཆུང”རྣམས་མང་ཚོགས་ཀྱི་བློ་ལ་འབབ་པར་ཡག་པོ་དང་ཏན་ཏིག་སྒྲུབ་ཀྱི་ཡོད།

    དྲ་དམངས་ཀྱིས། ལྷོ་ཁའི་གྲང་ཕྲེང་ཟོག་འགྲེམས་བསྐྲུན་ནས་ཚོང་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད། དྲ་དམངས་ཀྱི་གྲོས་འགོ་དེར་དམིགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་ལན་བརྒྱབ་དོན། བོད་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང“ལྷོ་ཁ་གྲོང་ཁྱེར་གྱི་གཅིག་སྡུད་ཉོ་སྒྲུབ་དང་ས་ཁོངས་སྒྲོལ་བའི་སྡེབ་སྐྱེལ་གྲང་ཕྲེང་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས”བསྐྲུན་རྒྱུའི་འཆར་གཞི་ཡོད་ཅིང་། དེར་ཉོ་ཚོང་དང་། གྲང་ཕྲེང་། བཀར་འཇུག དབྱེ་གསེད། ཐུམ་སྒྲིལ། འདོན་འཇུག སྐྱེལ་འདྲེན། སྡེབ་སྐྱེལ་བཅས་ཀྱི་བྱེད་ནུས་ལྡན་ཡོད།

    2023ལོ་ནས་བཟུང་། རང་སྐྱོང་ལྗོངས་སྲིད་གཞུང་གིས“འགོ་ཁྲིད་ཀྱི་ལན་འཇོག་བྱང་བུར”བརྟེན་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ཏེ་ལན་འཇོག་སྒྲུབ་གཉེར་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བརྟན་པོ་བཏང་བས། མང་ཚོགས་ཀྱིས་གླེང་མང་བའི་སྡོད་ཁང་དང་། ལས་ཞུགས། སློབ་གསོ། སྨན་བཅོས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་ལ། དུས་རབས་གསར་པའི་དྲ་ཐོག་མང་ཚོགས་ལམ་ཕྱོགས་ཀྱི་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།