དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཀྲུང་གོ་ལན་ཐུང་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་གཡོད་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-15

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ལན་ཐུང་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་གཡོད་བཅས་པ་དང་བཞུགས་མོལ་གནང་བ་རེད། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ལན་ཐུང་ཚོགས་པའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཀྲུང་གཡོད་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རེན་ཝེ་དང་ཟླ་བ་ཚེ་རིང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ལན་ཐུང་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་། ཀྲུང་གོ་ལན་ཐུང་ཚོགས་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར། བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པས། སྤྱི་ཚོགས་ཡོངས་སུ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཀྲུང་གོ་ལན་ཐུང་ཚོགས་པའི་སྟོབས་ཤུགས་ཧ་ཅང་ཆེ་ལ་སྔོན་ཐོན་གྱི་ལག་རྩལ་ཡོད། བོད་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཡོད་པས། ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་བྱེད་པར་མདུན་ལམ་ཆེན་པོ་ཡོད། ཀྲུང་གོ་ལན་ཐུང་ཚོགས་པས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ནས་གྲངས་འཛིན་བོད་ལྗོངས་སྐྲུན་པར་རྒྱབ་སྐྱོར་ཤུགས་ཆེན་དང་། ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་བཅས་ཀྱི་ལེགས་ཆ་གང་ལེགས་འདོན་པ། གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་གྲངས་འཛིན་ཆ་འཕྲིན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བོད་ཀྱིས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱས་ནས་གྲངས་གཞི་ཆེན་པོའི་ནུས་པ་འདོན་ཤུགས་ཆེ་རུ་གཏོང་བ་དང་། གྲངས་གཞིའི་ཐོན་རྫས་དང་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་བ་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ཚན་རྩལ་ཉེར་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་། སྤྱི་སྤྱོད་མཁའ་འགྲུལ། ནུས་རྒྱུ་གཙང་མ་སོགས་ཀྱི་གསར་དར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས་ཚན་རྩལ་དང་གསར་དར་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པ་བོད་དུ་ལས་ཀར་མངགས་ཏེ་བོད་ལ་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་སྤེལ་བར་རམ་འདེགས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་པ། མཉམ་ལས་རྣམ་གྲངས་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་བཏང་ནས་གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། བྱས་འབྲས་ཀྱི་ཕྱོགས་སྟོན་བཅས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་རེ་བ་ཡོད།

    ཁྲེན་ཀྲུང་གཡོད་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་བོད་དུ་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་ལན་ཐུང་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་བེད་སྤྱོད་མངོན་གསལ་དོད་པ། མཉམ་ལས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལེགས་ཆ་མུ་མཐུད་འདོན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།