དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    ཚེས་11ཉིན། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“ནན་ཤོས་བཞིའི”བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དེ་རྒྱལ་དམངས་བདེ་ཐང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། ཁྲོམ་ར་དར་རྒྱས་བཅས་དང་འབྲེལ་བ་ཡོད། འདུ་ཤེས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ།“གཅིག་ཀྱང་མི་འཕྱུགས་པའི”ཉེན་ཁ་ཚོར་སེམས་ལ་བརྟེན་ནས་ཉེན་ཁ་འགོག་ཟོན་བྱེད་པ་དང་། “འཕྱུཌ་པ་གཏན་ནས་མེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མཐའ་ཚད་བརྟན་པོར་སྲུངས་དགོས། ལས་ཀའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཐོན་རྫས་དང་སྨན་རྒྱུ་སོགས་ཀྱི་སྤུས་ཚད་བདེ་འཇགས་ལ་དམིགས་པ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། ཚད་གཞི་འཛུགས་སྐྲུན། སྤུས་ཚད་ལྟ་ཞིབ་ཚད་ལེན། ཁྲོམ་རར་འཇུག་འཐུས་སོགས་ལྷུ་ཚིགས་ཚང་མར་དམ་འཛིན་ནན་པོ་བྱེད་པ། ཞིང་ནང་དང་འབྲོག་ར་ནས་གསོལ་ལྕོག་བར་གྱི་འགོག་སྲུང་འཛིང་རགས་ཚང་མར་ཚོད་འཛིན་ནན་པོ་བྱེད་པ། གནད་དོན་ཡོད་པའི་ཐོན་རྫས་དང་གནད་དོན་ཡོད་པའི་ཁེ་ལས་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ལྗང་མདོག་དང་། རྩེར་སོན། བདེ་འཇགས་བཅས་ཀྱི་སྤུས་རྟགས་ཀྱི་གཟུགས་བརྙན་གཏོད་དགོས་པ་དང་། འཁོར་རྒྱུག་གི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་གཙོ་གནད་ཁེ་ལས་དང་། གཙོ་གནད་ས་ཁོངས། གཙོ་གནད་ཐོན་རྫས་བཅས་ཀྱི་བདེ་འཇགས་ཉེན་ཁ་གྲལ་བཤེར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “ཁེ་ལས་གཅིག་ལ་ཡིག་ཚགས་གཅིག”དང་། “ས་ཁོངས་གཅིག་ལ་ཡིག་ཚགས་གཅིག”“ཐོན་རྫས་གཅིག་ལ་ཐབས་ཇུས་གཅིག”བཅས་ལ་བརྟེན་ནས་འགན་འཁྲིའི་གསལ་ཐོ་དང་། གནད་དོན་གྱི་གསལ་ཐོ། དག་ཐེར་གྱི་གསལ་ཐོ་བཅས་བཟོ་བ་དང་། དྲ་ཐོག་མིང་ཅན་ཟ་ཁང་དང་། ཉོ་སྐྱེལ་ལས་སྟེགས། དྲ་ཐོག་སྨན་རྫས་ཚོང་ཁང་བཅས་ལ་དམ་པོར་དམིགས་པ། དྲ་ཐོག་དང་དྲ་ཕྱིའི་ཚད་གཞི་གཅིག་མཚུངས་དང་། སྤུས་ཚད་གཅིག་མཚུངས། ལྟ་འདོམས་གཅིག་མཚུངས་བཅས་ལ་སྐུལ་འདེད་གཏོང་བ། སློབ་གྲྭ་དང་། སྨན་ཁང་། རྒན་གསོ་བྱིས་སྐྱོང་སོགས་གཙོ་གནད་ལས་ཁུངས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ། ཟ་ཁང་གི་འཕྲོད་བསྟེན་ཚད་གཞི་ནན་དུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའ་བདེ་འཇགས་ལྡན་པ་དང་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས། འགན་འཁྲིའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས་དང་གྲོང་ཁྱེར)གི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། ལས་རིགས་སྡེ་ཚན་གྱི་ལྟ་འདོམས་ཀྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་བཏང་ནས“ལྟ་འདོམས་ཆེ་མོའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། “ལྟ་འདོམས་ཆེ་མོའི”ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། “ལྟ་འདོམས་ཆེ་མོའི”མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས་པ་དང་། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་གྱི་འདེགས་སྐྱོར་དང་། རིག་ནུས་ལ་བརྟེན་པ། གཙོ་གནད་ཐོན་རྫས་ཞིབ་བཤེར་གཏན་འཁེལ་བཅས་ཀྱི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས“རིག་ལྡན་བཟའ་བཅའི་བདེ་འཇགས”ཁྱོན་ཡོངས་ལ་ཁྱབ་པ་དང་གཞི་རིམ་གྱི་ལྟ་འདོམས་ནུས་པ་མགྱོགས་མྱུར་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།