དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-12

    ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་1ཚེས་10ཉིན་གྱི་སྔ་དྲོ། ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་གྱོད་གཞི་ཁྱབ་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་ཉེས་གསོག་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱས་པ་དང་འབྲེལ་མི་དམངས་ཤོག་སྒོར་ཁྲི་500ཡི་ཆད་པ་གཅོད་རྒྱུ་དང་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་དེ་བཞིན་དེ་ལས་བྱུང་བའི་སྐྱེད་འཕེལ་དངོས་པོར་སྒོ་ཐེལ་རྒྱག་པ་དང་། བཀག་ཉར། བསྡམས་བཅད་བཅས་བྱས་ནས་ཁྲིམས་ལྟར་བདའ་འདེད་བཏང་སྟེ་རྒྱལ་མཛོད་ནང་འཇུག་རྒྱུ་དང་། ད་དུང་མ་འདང་བའི་རིགས་མུ་མཐུད་བདའ་འདེད་གཏོང་རྒྱུ་ཡིན་པ་རེད། ཀྲང་ཡུང་ཙེས་ཁྲིམས་རའི་ཐོག་རང་ཉེས་ངོས་ལེན་ཞུས་ནས་གོང་གཏུག་བྱས་མེད།

    ཞིབ་གཅོད་བྱས་ནས་ཤེས་རྟོགས་བྱུང་བར། 2003ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་དང་། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་། ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན། ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་འཁུར་རིང་། གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་དང་གོ་གནས་ཀྱི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་ལེན་དང་། ཁོར་ཡུག་དཔྱད་ཞིབ་ཀྱི་ཆོག་མཆན་སྤྲོད་པ། གོ་གནས་ལེགས་སྒྲིག་སོགས་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་ཡང་ན་མི་གཞན་བརྒྱུད་ནས་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་5181ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ཤིས་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲང་ཡུང་ཙེའི་བྱེད་སྤྱོད་དེས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་དང་། ཀྲང་ཡུང་ཙེས་ལྐོག་རྔན་བླངས་པའི་དངུལ་འབོར་ཧ་ཅང་ཕོན་ཆེ་བ་དང་། ཁོ་པས་གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བའི་ལྐོག་རྔན་བླངས་པའི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་གཞན་དག་རང་འགུལ་ངང་ངོས་ལེན་ཞུས་པ་དང་། རང་ཉེས་ངོས་ལེན་ཞུས་པ་དང་ནག་ཉེས་ལ་འགྱོད་བཤགས་བྱས་པ། ལྐོག་རྔན་བླངས་པ་ལས་བྱུང་བའི་དངུལ་དང་དངོས་པོ་ཁག་གཅིག་ཕྱིར་སློག་བྱས་པར་བརྟེན་བཅའ་ཁྲིམས་ལྟར་ཉེས་ཆད་ཡང་གཅོད་བྱེད་ཆོག་པའི་ངོས་འཛིན་བྱས་པ་རེད། ཁྲིམས་ཁང་གིས་གོང་དུ་བརྗོད་པའི་ཁྲིམས་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།