དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

     ཚེས་9ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གནང་བ་རེད།

    གྲོས་བསྡུར་གནང་སྐབས། ཨུ་ཡོན་ཚོས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ལ་དམ་པོར་དམིགས་པ་དང་། རང་འཁྲིའི་ལས་དོན་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ནས། རང་གི་ལྟ་སྟངས་གླེང་བ་དང་གཏམ་བཤད་ཧུར་ཐག་སྤེལ་བས་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་སྐབས། ཨུ་ཡོན་ཚོས་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཛུབ་ཁྲིད་ནུས་ལྡན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པའི་ངོས་འཛིན་གཅིག་གྱུར་གནང་བ་རེད།

    ཨུ་ཡོན་ཚོས་ད་དུང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་ཞིང་། ཚང་མས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། འདས་ཟིན་པའི་ལས་དོན་ལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་ངང་ཕྱོགས་སྡོམ། མ་འོངས་པར་བཀོད་སྒྲིག་ཁ་གསལ་ལ་ཞིབ་ཚགས་པ་བཅས་བྱས་ཡོད་པས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་བྱ་གཞག་གི་འབྱུང་འགྱུར་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་མི་སེམས་ལ་སྐུལ་མ་ཐེབས་པའི་མཛེས་སྡུག་ལྡན་པའི་འཆར་གཞི་ཞིག་བཀོད་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    ལོ་གསར་པའི་ནང་། ཨུ་ཡོན་ཚོས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སྔར་རྒྱུན་བཞིན་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་ནས། འགན་ནུས་གང་ལེགས་འདོན་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱེད་པ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པའི་དམིགས་ཡུལ་ལག་ལེན་བསྟར་བ། ཁྲིམས་འཛིན་ཞབས་ཞུའི་སྤུས་ཚད་སྔར་བས་ཡག་ཏུ་དང་ཆུ་ཚད་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་པའི་རེ་བ་གནང་གི་ཡོད། ཨུ་ཡོན་ཚོས་ད་དུང་རང་སྐྱོང་ལྗོངས་སྲིད་གྲོས་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བར་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།