དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བུ་མོ་ཆོས་སྒྲོན་གྱིས་གསུངས་དོན།

    ​རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་མཁས་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-08

    “སྲིད་གྲོས་ཀྱི་ཨུ་ཡོན་ནི་མི་གཅིག་གི་ཆབ་སྲིད་ཀྱི་གཟི་བརྗིད་ཙམ་མིན་པར་ལྗིད་ཏིག་ཏིག་གི་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་དེ་བས་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་བུ་མོ་ཆོས་སྒྲོན་གྱིས་གསུངས།

    2023ལོར་སྟག་མོ་ལྷོ་པ་མི་རིགས་ཤང་གིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི་སྣེ་མོ་སྣུར་བསྲིང་བྱེད་པ་དང་། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ། གཞི་རིམ་བཅོས་སྐྱོང་ཁྲོད་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་གྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས། ཀྲི་པུའུ་སྟོབས་ཆེན་དང་། ཏང་ཡོན་སྟོབས་ཆེན། བུད་མེད་ཚོགས་པ་སྟོབས་ཆེན། དུད་སྦྲེལ་སྟོབས་ཆེན། མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་སྟོབས་ཆེན་བཅས“སྟོབས་ཆེན་ལྔའི”དཔུང་ཁག་ཧུར་ཐག་བཏོད་པས། ཁྲིམས་དང་མ་མཐུན་པར་གོང་ཞུ་བྱེད་མཁན་གཅིག་ཀྱང་མེད་པ་དང་། དོན་རྐྱེན་གཅིག་ཀྱང་ཐོན་མེད་པ། གྱོད་གཞི་གཅིག་ཀྱང་ཐོན་མེད་པ། རྩོད་གཞི་གཅིག་ཀྱང་བྱུང་མེད་པ། སྦགས་བཙོག་གཅིག་ཀྱང་ཤོར་མེད་པ་བཅས་ཀྱི“མེད་པ་ལྔའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།

    ས་སྐྱེས་རྡོ་སྐྱེས་ཀྱི་མེ་ཏོག་རྫོང་གི་མི་ཞིག་ཡིན་པའི་ངོས་ནས། མོན་པ་རིགས་དང་ལྷོ་པ་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་ནུས་ལྡན་བྱ་ཆེད། བུ་མོ་ཆོས་སྒྲོན་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་པ་དང་ཆབས་ཅིག གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་འབྲེལ། ལྷོ་པའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དང་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་དོན་སྙིང་ཆེན་པོ་ལྡན་པའི་ལས་དོན་མང་པོ་བསྒྲུབས་གནང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།