དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    ཟླ་1ཚེས་3ཉིན་གྱི་ཕྱི་དྲོར།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བསྟན་ཁོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལས་དོན་ཁག་དོན་འཁྱོལ་ཡོང་བར་ཚད་གཞི་མཐོན་པོས་ཇུས་འགོད་བཀོད་སྒྲིག་དང་སྐུལ་འདེད་ནུས་ལྡན་གཏོང་དགོས། འགན་འཁྲི་སླར་ཡང་ནན་དུ་བཏང་ནས་ལས་འགན་ཁ་གསལ་བ་དང་། འགན་འཁྲི་ཁ་གསལ་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། བྱ་ཐབས་ལ་སླར་ཡང་ཤུགས་སྣོན་བརྒྱབ་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་ཚང་བཤེར་ཆད་གསབ་བྱེད་དགོས། བླང་བྱ་སླར་ཡང་ནན་དུ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བླང་བྱ་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་མང་པོར་ལག་བསྟར་བྱས་ཏེ། ཚོགས་ཆེན་བདེ་བླག་དང་ཐུགས་གྲ་ལེགས་འགྲིག་ངང་འཚོག་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མཐུན་སྦྱོར་དང་སྒྲུབ་གཉེར་གྱི་དོན་གནད་དོན་འཁྱོལ་བྱེད་ཚུལ་སྐོར་གྱི་སྙན་སེང་དང་ཚོགས་ཆེན་གྲ་སྒྲིག་ཚོགས་ཆུང་གི་ལས་དོན་སྒྲིག་གཞི་11གི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་གསན་པ་དང་ལྷག་པའི་དཀའ་གནད་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།