《〈བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད〉ལག་བསྟར་བྱེད་པའི་དུས་འབྲིང་གི་དཔྱད་དཔོག་སྙན་སེང》བཀྲམ་པ།
ཉེ་ཆར། རང་ལྗོངས་ཀྱིས《〈བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད〉ལག་བསྟར་བྱེད་པའི་དུས་འབྲིང་གི་དཔྱད་དཔོག་སྙན་སེང》བཀྲམ་སྟེ། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་།“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་དང་ཞིང་ལས་ཁུལ་སྟོབས་ཆེན་སྐྲུན་པའི་གོམ་སྟབས་མགྱོགས་སུ་བཏང་བ་རེད།
རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱིའི་ཆ་ནས་བལྟས་ན།《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད》ལག་བསྟར་གྱི་གནས་ཚུལ་ཡག་པོ་ཡོད་ཅིང་། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད་སོགས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཆར་འགོད་དུས་འབྲིང་གི་འཛུགས་སྐྲུན་དམིགས་ཚད་ཁག་18གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལེགས་སུ་གཏོང་བ། ཞིང་ལས་ལྗང་མདོག་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་སོགས་གཙོ་གནད་འཛུགས་སྐྲུན་ལས་འགན་ལ་བདེ་བླག་ངང་སྐུལ་འདེད་ཐེབས་པ། བྱེད་པོའི་ནུས་པ་མངོན་གསལ་དོད་པ་དང་། ས་ཁོངས་མཐུན་སྦྱོར། ལེགས་ཆ་གསབ་རེས། ཁེ་ཕན་གཅིག་འབྲེལ་བཅས་ཀྱི“འཁོར་རྒྱ་གཅིག་དང་། ཁུལ་གསུམ། རྒྱུད་བཞི”བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རགས་ཙམ་གྲུབ་པ། བོད་དབུས་རོང་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཁུལ་དང་། བོད་ནུབ་བྱང་གི་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཁུལ། བོད་ཤར་ལྷོའི་ལྗང་མདོག་ནགས་ལས་འཕེལ་རྒྱས་ཁུལ་བཅས་ཁུལ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནས་དང་། འབྲི་གཡག བོད་ལུག མཐའ་མཚམས་དམངས་ཕྱུག་བཅས་ཐོན་ལས་འཕེལ་རྒྱས་རྒྱུད་སོགས་ཐོན་ལས་རྒྱུད་བཞི་རགས་ཙམ་བཏོད་པ། ནས་དང་། འབྲི་གཡག བོད་ལུག སྔོ་ཚལ། དཀར་ཆུའི་ཐོན་ལས། གཟན་རྩྭ། བོད་བྱ། བོད་ཕག ཇ་ལོ་བཅས་ཐོན་ལས་ཆེན་པོ་9འཕེལ་རྒྱས་བཏང་བ་བཅས་ལས་ས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་པ་རེད།