དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-04

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

     ཟླ་1ཚེས་2ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་བྱས་པ་དང་། 2023ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་བཅས་བྱས་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་2023ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་སེང་ཡང་ཉན་པ་རེད།

    ཚོགས་འདུར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཙོ་གནད་ལས་དོན་མངོན་གསལ་དོད་པོ་དང་། གྲོང་གསེབ་དར་རྒྱས་དུས་རབས་གསར་པར་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་དམ་འཛིན་བྱ་གཞི་གཙོ་བོར་རྩི་བ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་འདོན་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་ཁག་སྤེལ་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཞེས་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། འདེབས་འཛུགས་ལས་རིགས་ཀྱི་རིམ་པ་སྤོར་བའི་འདུ་འགོད་ལག་བསྟར་གཏིང་ཟབ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་ཐོན་ལས་ཆུ་ཚད་དང་། གྲོང་གསེབ་ཀྱི་འཛུགས་སྐྲུན་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བའི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། མཛེས་སྡུག་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཞིང་འབྲོག་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་དང་ལེན་ཐུབ་པ་དང་། ཞུགས་མང་བ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་བ་བཅས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ནུས་ལྡན་དང་ཧུར་ཐག་སྤྱད་དེ་ཐུན་མོང་འབྱོར་ཕྱུག་འགྱུར་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གཏན་འཁེལ་དམིགས་ཚད་ལྟར་རང་འགུལ་ངང་ལས་ཀའི་ལས་འགན་ཁག་བགོས་བྱེད་པ། ཇི་མ་ཇི་བཞིན་དུ་དོན་འཁྱོལ་ལ་དམ་འཛིན། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། བྱེད་ཕོད་པ་དང་བྱེད་མཁས་པོས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་བོད་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་རྩ་བ་བརྟན་པོ་ཚུགས་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས། “གཞི་རིམ་དུ་སྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་མང་ཙམ་ཉན་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་གསོ་སྐྱོང་དང་། གདམ་ག བཀོལ་སྤྱོད་བཅས་ལ་སྣང་ཆེན་བྱེད་པ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་ནུས་ལྡན་པ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཧུར་ཐག་འཛུགས་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད། ཚོགས་འདུའི་ཐོག་ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་ནས་འདི་ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་བཀོད་སྒྲིག་བྱེད་རྒྱུའི་གསལ་སྟོན་ཡང་བྱས་ཡོད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ནང་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་སྟེ། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་ཏན་ཏིག་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། ཁྲིམས་ལྟར་ཐབས་ཇུས་གཏན་འབེབས་དང་ཚན་རིག་དང་མཐུན་པར་ཐབས་ཇུས་གཏན་འབེབས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བོད་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། བློ་མཐུན་མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ལ་འགོ་ཁྲིད་གནང་བའི་རླབས་ཆེན་ལག་ལེན་དང་རླབས་ཆེན་མཛད་རྗེས་ལ་ཕྱིར་དྲན་ཟབ་མོ་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བླང་བྱ་ཁ་གསལ་བཏོན་གནང་བ་མ་ཟད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྔར་བས་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱུན་ཆད་མེད་པར་བསམ་བློའི་གོ་རྟོགས་མཐོ་རུ་དང་ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཆབ་སྲིད་ཆེ་ཤོས་སུ་བརྩི་བ། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་གལ་ཆེའི་བརྟག་ཐབས་སྨྲ་བ་གང་ལེགས་སྤྱོད་པ། མཐུན་རྐྱེན་མཐའ་དག་སྐོང་འཐེན་གྱིས་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། ཀྲུང་དབྱང་གི་ཕྱི་དོན་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་རྟོགས་ངང་བོད་ཀྱི་ཕྱི་དོན་ལས་དོན་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ། ཕྱི་དོན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས། ཕྱི་འབྲེལ་གྱི་དབང་ཆ་ཏང་ཀྲུང་དབྱང་གི་ལག་ཏུ་འཛིན་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ། ཕྱི་དོན་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕྱི་དོན་ལས་དོན་ཚན་རིག་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།