དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ལོ་མཇུག་དང་ལོ་འགོའི་བདེ་འཇཊ་འགོག་ཟོན་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-03

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ལོ་མཇུག་དང་ལོ་འགོའི་བདེ་འཇགས་འགོག་ཟོན་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དུས་བབ་ལ་དབྱེ་ཞིབ་མཐའ་དཔྱོད་དང་ལོ་མཇུག་དང་ལོ་འགོའི་བདེ་འཇགས་འགོག་ཟོན་ལ་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐའ་ཚད་ཀྱི་བསམ་གཞིག་དང་མཐར་ཟད་བསམ་གཞིག་བྱེད་ཤུགས་ཆེ་རུ་བཏང་ནས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་དང་འཁྱགས་སྲབ་ཐོག་འགྲོ་བའི་དགོས་གཏུག་གི་བསམ་པར་བརྟེན་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་དང་དམ་འཛིན་ནན་པོ་བྱེད་པ། གཏེར་རིའི་བདེ་འཇགས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། མེ་སྐྱོན་གྱི་ལས་འཛོལ་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་འགོག་ཟོན་ལ་ཤུགས་རྒྱག་པ་དང་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་། དྲོད་ཚད་དམའ་བ་དང་ཆར་ཆུ་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པ། ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་སོགས་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ཁག་རྒྱུན་མཐུད་ཡག་པོ་བསྒྲུབས་ནས། གནོད་འཚེའི་གྱོང་གུན་དང་ཤུགས་རྐྱེན་ཆུང་དུ་གང་ཐུབ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།