དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས།

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སོགས་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།

    ཡན་ཅིན་ཧའེ་ཡིས་གཏམ་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-30

    ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་སུ་ཕེབས་ཏེ།《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》དང་།《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》བཅས་ལ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་རེད།

    ཚོཌ་འདུར་སྙན་སྒྲོན་གྱི་འཆར་ཟིན་འགོད་ཚུལ་སྐོར་སྙན་སེང་ཞུས་པ་གསན་པ་དང་། ཚོཌ་ཞུཌ་མི་སྣས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ཡིག་ཆར་ཁས་ལེན་དང་མོས་མཐུན་གང་ལེགས་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད། ཚང་མས་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སོགས་ཡིག་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བསམ་འཆར་བསྡུ་ལེན་གནང་བ་དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་ནི་དམངས་གཙོ་དར་སྤེལ་དང་། བློ་བསྡུས་དགེ་འཚོལ། བློ་གྲོས་གཅིག་འདུས་བཅས་ཀྱི་བརྒྱུད་རིམ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཡན་ཅིན་ཧའེ་ཡིས། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གནོན་ཤུགས་ཐེག་ཁུར་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད། བློ་བརྟན་འགྱུར་མེད་ངང་འབད་བརྩོན། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། གནོན་ཤུགས་རྒྱུན་ཆད་མེད་པར་ཐེག་པའི་ཁྲོད་དུ་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་སླར་གསོའི་འཁྱོག་ཐིག་ཅིག་གཏོད་པར་སྐུལ་འདེད་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་མུ་མཐུད་སྲ་བརྟན་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་དངོས་སྒྲུབ་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་སོང་བ་དེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལྟ་སྐུལ་དང་། རྒྱབ་སྐྱོར། རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད། ངས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། དུས་སང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱེད་པ། ལག་ལེན་པ་དང་། བྱ་སྤྱོད་པ། དངོས་སྒྲུབ་པ་བཅས་མུ་མཐུད་ཡག་པོ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་སྲིད་གྲོས། རྒྱ་ཆེའི་འཐུས་མི་དང་ཨུ་ཡོན་བཅས་ལ་སྔར་རྒྱུན་བཞིན་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་། རྒྱབ་སྐྱོར། ལྟ་སྐུལ་བཅས་གནང་རོགས་ཞུ་རྒྱུ་ཡིན།

    རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔར་བས་རང་རྟོགས་རང་འགུལ་ངང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱ་རྒྱུ་དང་། ཁྲིམས་ལྟར་སྲིད་འཛིན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྤུས་ཚད་མཐོན་པོས་ཡག་པོ་བསྒྲུབ་རྒྱུ། སེམས་ནུས་ཡོད་རྒུ་བཏོན་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དགོས་མཁོར་འགན་ལེན་ཡག་པོ་བྱ་རྒྱུ། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་རང་འགུལ་ངང་དང་ལེན་དང་། གྲོས་མོལ་ལམ་སྲོལ་མཐའ་འཁྱོངས། གྲོས་གཞི་ཡག་པོ་སྒྲུབ་པ། སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་མཉམ་དུ་ཡག་པོ་བརྩམ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།