དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-28

    ཚེས་25ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ས་ཡུལ་དངོས་སུ་ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་པ་མ་ཟད། ད་དུང“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་དང་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུར་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་ལ“ལས་གྲྭ་ཁྲི་སྟོང”ནང་འདུས་པའི་དགོངས་པ་དང་བྱེད་ཐབས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་སྣང་ཆེན་བྱེད་པ། འབབ་འཕར་འབུར་དུ་ཐོན་པར་བྱེད་པ། གཏོང་ཆ་འགན་ལེན་ལ་དམ་འཛིན་ནན་པོ་བྱེད་པ། ནང་ཐོན་སྒུལ་ཤུགས་འཕེལ་བར་བྱེད་པ། ཁྱོན་ཡོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད།

    ཚེས་24ཉིན། ཚོགས་ཞུགས་འཐུས་མིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་། འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ཚ་རགས་གྲོང་ཚོ། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོ་བཅས་སུ་སྔ་རྗེས་སུ་རྟོག་ཞིབ་དང་སློབ་སྦྱོང་ལ་བསྐྱོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།