དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-28

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》སོགས་ཡིག་ཆའི་སྐོར་གསན་པ་དང་ཞིབ་འཇུག་གནང་བ་མ་ཟད། རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་ཚད་གཞི་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ལས་དོན་བཀོད་སྒྲིག་གནང་བ།

    ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན(གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》བཅས་དང་2024ལོའི་འཆར་གཞི་ལག་བསྟར་གྱི་དམངས་འཚོའི་སྲིད་ཇུས་སྐོར་གསན་པ་དང་ཞིབ་འཇུག་གནང་བ་མ་ཟད། རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་ཚད་གཞི་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུར་བསྟན་དོན། སྙན་སྒྲོན་གསུམ་ནི་གྲུབ་འབྲས་ཀྱི་གསལ་ཐོ་ཞིག་དང་འཆར་འགོད་ཀྱི་རི་མོ་ཞིག་ཡིན་ལ་ཁས་ལེན་ཡི་གེ་ཞིག་ཀྱང་ཡིན་ཞིང་། འཕེལ་རྒྱས་གཏོང་སྟངས་དང་འབྲེལ་བ་ཡོད་ལ་ཕྱོགས་ཁག་གི་རེ་སྒུག་ཀྱང་མཚོན་གྱི་ཡོད། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་འགོ་འཛུགས་ས་གསར་པ་ཡོད་པ་ལས་མཇུག་རྫོགས་དུས་མེད། གོམ་སྟབས་རྗེས་མར་ཞིབ་ཅིང་ཕྲ་བ་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་ནས་སྙན་སྒྲོན་དང་དམངས་འཚོའི་སྲིད་ཇུས་ལས་ལག་ལེན་ལ་མཛུབ་ཁྲིད་དང་། འཕེལ་རྒྱས་ལ་སྐུལ་འདེད། དཀའ་གནད་ཐག་གཅོད། དམངས་འཚོ་ལེགས་གཏོང་བཅས་ལ་ནུས་པ་ཐོན་པའི་འགན་ལེན་བྱེད་དགོས།

    ཚོགས་འདུར་བསྟན་དོན། སྤྱི་པའི་ཞབས་ཞུ་ནི་དམངས་འཚོ་དང་འབྲེལ་བ་ཡོད་ལ་དམངས་སེམས་དང་ཡང་འབྲེལ་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་ཚད་གཞི(2023ལོའི་དཔར་མ)》ཡི་ནང་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ།

    རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོར་མཁན་ཡོད་པ། ཕུལ་བྱུང་དམག་གི་ཞབས་ཞུ་འགན་ལེན། རིག་གནས་ལུས་རྩལ་གྱི་ཞབས་ཞུ་འགན་ལེན་བཅས་ཁྱབ་ཁོངས་9ཡི་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་80ཡི་ཞབས་ཞུ་སྒྲུབ་ཡུལ་དང་། ཞབས་ཞུའི་ནང་དོན། ཞབས་ཞུའི་ཚད་གཞི། གཏོང་སྒོའི་འགན་འཁྲི། འགན་འཁུར་ཚན་པ་བཅས་ཁ་གསལ་བཟོས་ཏེ་ཚད་གཞི་ཅན་གྱི་སྒོ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཀུན་ཕན་ཅན་དང་། དོ་སྙོམས་ཅན། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་པས་ཁུངས་སྐྱེལ་གྱི་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཐོབ་སྣང་ཡོད་པར་བྱེད་དགོས།

    ཚོགས་འདུར་བསྟན་དོན། གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་ནི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཚན་རིག་དང་མཐུན་པར་སྤྱོད་ཐུབ་པ་དང་། སྤྱོད་གོ་ཆོད་པ། སྤྱོད་བདེ་བ་བཅས་ཀྱི་གྲོང་ཚོའི་འཆར་འགོད་བཟོས་ནས་ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་སྤྱོད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། སྤུས་ཚད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་ཐཱན་ཉུང་། གྲོན་ཆུང་གོ་ཆོད། ཡོམ་འགོག་གེགས་སེལ་བཅས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ་ཕྱིའི་རྣམ་པར་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་མི་མངོན་པའི་རྐྱེན་ངན་ནུས་ལྡན་སེལ་དགོས། ཞབས་ཞུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཞིབ་མཆན་འགོད་ཡུལ་འདེམས་པའི“གཅིག་འཐུས་རྣམ་པ”དང་། ཞིང་པའི་སྡོད་ཁང་ཞིབ་བཤེར་གྱི“ཁང་མིག་གཅིག” ཨར་སྐྲུན་གཏན་འཁེལ་གྱི“མཛོད་ཁང་གཅིག” ལས་གྲྭར་ལྟ་འདོམས་ཀྱི“དྲ་བ་གཅིག” ལས་མཇུག་འགྲིལ་བའི་རྩིས་ལེན་གྱི“ལག་ཁྱེར་གཅིག”བཅས་ལེགས་པོ་ལྔའི་ལས་དོན་སྒྲུབ་སྟངས་གསར་གཏོད་ལག་བསྟར་བྱས་ནས་ཞིང་པའི་སྡོད་ཁང་འཛུགས་སྐྲུན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།