དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཆུ་བེད་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-23

    ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཆུ་བེད་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཀྲང་ཧུང་པོ་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད།

    ཡན་ཅིན་ཧའེ་ཆུ་བེད་ཐིང་གི་ཁྲུའུ་དང་ཁང་ཁག་ཏུ་ཕེབས་ཏེ་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། འབྲེལ་ཡོད་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས། ཆུ་བཅོས་ཆུ་དར་ནི་ཆབ་སྲིད་ཀྱི་བདེ་འཇགས་དང་། དཔལ་འབྱོར་གྱི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་དང་འབྲེལ་བ་ཡོད། ཆུ་བེད་དར་རྒྱས་གཏོང་བ་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་ཆུ་བེད་གཙོ་གནད་ལས་གྲྭ་འཛུགས་སྐྲུན་གྱིས་མ་འཇོག་བརྟན་པོ་ཡོང་བ་དང་། དམངས་འཚོར་ཕན་འདོགས་པ། ལས་ཞུགས་འགན་ལེན་བཅས་ལ་ཐོན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་བརྟན་པོ་ཆུད་པ་དང་། བོད་སྐྱོར་གྱི་ལེགས་ཆ་བེད་གང་ལེགས་སྤྱོད་པ། རྣམ་གྲངས་ཀྱི“འཆར་གཞི”ཡག་པོ་འགོད་པ། ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་ཁག་གཅིག་ལས་འགོ་འཛུགས་པ་དང་། འཛུགས་སྐྲུན། རིགས་པས་ཁུངས་སྐྱེལ། གྲབས་སོགས་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་ཆུ་བེད་ལ་མ་འཇོག་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པར་དམིགས་ཏེ་ཆུ་བེད་ཀྱི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱེད་དགོས་པ། དམངས་འཚོར་མཐོང་ཆེན་དང་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་བརྟན་དུ་དང་མཐོར་གཏོང་མཐའ་འཁྱོངས་བྱ་རྒྱུ་དེ་ཆུ་བེད་སྡེ་ཚན་གྱི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས་ནས་མི་སེར་གྱི་འཐུང་ཆུར་བདེ་འཇགས་ཡོང་བར་བྱེད་དགོས་པ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་བརྟན་པོ་དང་། བདེ་འཇགས། མཁོ་སྤྲོད་བཅས་འགན་ལེན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་འདིར་དམིགས་ནས་དེང་རབས་ཅན་གྱི་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་བེད་ལས་གྲྭ་གལ་ཆེན་ལག་བསྟར་དང་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཞིང་ཆུ་བཏང་ནས་ཐོན་སྐྱེད་བརྟན་པོ་དང་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས་པ། གཙང་པོ་དང་ཆུ་བོ་སྲུང་སྐྱོང་དང་སྲུང་བཅད་བརྟན་དུ་བཏང་ནས་མ་ལག་གི་ལྟ་བ་མཐའ་འཁྱོངས་དང་། མིག་སྔ་དང་སླད་ཕྱིན། ཆ་ཤས་དང་ཁྱོན་ཡོངས། སྲུང་སྐྱོང་དང་འཕེལ་རྒྱས་བཅས་ཕན་ཚུན་ལྟ་རྟོག་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ། ཆུ་ཡུར་ནས་བྱེ་མ་ལེན་པར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་སྤྱོད་པ་དང་ལེན་པར་ལྟ་སྐུལ་དོ་དམ་ནན་པོ། ས་ཆུ་སྲུང་འཛིན་གྱི་ཇུས་གཞི་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ། ཆུའི་སྟོད་སྨད་རྒྱུད་དང་། ངོགས་གཉིས། ཆུ་གཞུང་དང་ཆུ་ལྷག་མཉམ་འགུལ་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། གནོད་འཚེ་འགོག་པ་དང་བདེ་འཇགས་འགན་ལེན་བྱས་ཏེ་འབྲུབ་འགོག་ཐན་འགོག་གི་ལས་དོན་གནས་བབ་གལ་ཆེན་དུ་བཞག་ནས“དུས་རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པར་བརྟེན་ཏེ་གནོད་འཚེ་ལ་ལྟ་སྐུལ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་བརྡ་དང་། ཉེན་བརྡ། གྲ་སྒྲིག སྔོན་ཇུས་བཅས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།