དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བཟོ་ཚོང་རིགས་ཁོངས་ཀྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-23

     ཚེས་21ཉིན་གྱི་སྔ་དྲོར། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བཟོ་ཚོང་རིགས་ཁོངས་ཀྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་ཚོང་རིགས་ཁོངས་ཀྱི་འཐུས་མི་གདན་དྲངས་ཏེ་2024ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བསམ་འཆར་བསྡུ་ལེན་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ཏེ་དཔལ་འབྱོར་འཕེལ་རྒྱས་དང་བཟོ་ཚོང་རིགས་ཁོངས་ཀྱི་ངོས་ནས་སྙན་སྒྲོན་འཆར་ཟིན་གྱི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་ནན་ཏན་བཏོན་པ་རེད། འཆར་ཟིན་འགོད་མཁན་ཚོགས་ཆུང་གིས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ནས་དངོས་ཐོག་བདེན་འཚོལ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། འབད་འབུངས་ལ་སྐུལ་མ་ཐེབས་པ། གསར་འབྱེད་ཡར་བརྩོན། ལག་ལེན་ལ་མཛུབ་ཁྲིད་ཐུབ་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཧུར་ཐག་གྲུབ་པར་བྱ་རྒྱུ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་ཤུགས་བརྒྱབ་ནས་བརྟན་ཐོག་ཡར་འཕེལ་གྱིས་དཔལ་འབྱོར་སྐྱོན་བྲལ་འཁོར་རྒྱུག་ལ་སྐུལ་འདེད་བཏང་སྟེ། བཟོ་ཚོང་རིགས་ཁོངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།