དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ཚེས་18ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེའི་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། ད་ཐེངས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཆེར་སྐྱེད་སླར་གསོ་དང་ལ་བརྒལ་ཉག་སྒྲོལ་གྱི་འགག་རྩའི་ལྷུ་ཚིགས་སྐབས་འཚོག་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རང་རྒྱལ་གྱི་དཔལ་འབྱོར་གྱི་ལས་དོན་ལ་འཕྲད་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བསྐྱོན་གནང་ཡོད་པས། དེ་ནི་ང་ཚོས་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་བརྟག་ཐབས་སྨྲ་བ་གསར་པ་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། སྲིད་གཞུང་སྡེ་ཚན་གྱིས་ལས་དོན་དངོས་བསྒྲུབས་པའི་གྲུབ་འབྲས་ཀྱིས་ལྷག་བསམ་རྣམ་དག་ངང“གཏན་འཁེལ་གཉིས”སྲུང་སྐྱོབ་དང་ལྷག་བསམ་རྣམ་དག་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། རང་འགན་ཐེག་པ་འཁུར་ལེན་སྔར་ལས་ལྷག་པ་བྱས་ཏེ་རང་འགུལ་ངང་རང་ངོས་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཏང་ཀྲུང་དབྱང་གི་རེ་བ་ཆུད་ཟོས་སུ་མི་གཏོང་བ། ལྷག་པར་དུ་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་གཞི་རྟེན་གཙོ་བོ་དང་། ནུས་ལྡན་ངང་དམ་འཛིན། བྱེད་ཐབས་ནུས་ལྡན་བཅས་ཁག་གཅིག་ཇུས་འགོད་ཧུར་ཐག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི“གདོང་དམག”དང་། “འབད་འཐབ་བྱེད་མཁན་གཙོ་བོ”“ལས་དཔོན”བཅས་ཡག་པོ་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་རྒྱུན་ཆད་མེད་པར་བྱས་ནས། ཕྱི་ལོའི་གཙོ་གནད་ལས་དོན་ཁག་གསལ་པོ་བཟོ་བ་དང་འཆར་འགོད་ཡག་པོ་བྱས་ཏེ་གནད་དོན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བསྟན་དོན། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    ཡན་ཅིན་ཧའེ་ཡིས། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་དུ་སློབ་སྦྱོང་དང་གསར་བརྗེས་དང་རྒྱུན་དུ་གོ་བ་ལེན་པ་དང་ཡར་རྒྱས་ཡོང་བར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མུ་མཐུད་ཏན་ཏིག་སྤེལ་བ། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་འགོ་ནས་མཇུག་བར་ཁྱབ་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་འགོ་ནས་མཇུག་བར་ཁྱབ་པར་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་དང་། འགོ་མཇུག་ཡོད་པ། ཕན་འབྲས་དངོས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།