དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཟླ་12ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་དང་ཁྲོམ་གཞུང་དུ་ཕེབས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གནང་བ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་དུ་གཞི་རིམ་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་དོན་པ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་འབྲེལ། གཞི་རིམ་གྱི་དྲ་མིག་པ་དུད་ཚང་དུ་སྐྱོད་པའི་ལས་དོན་ལ་ས་གནས་ས་ཐོག་ཏུ་བཀོད་འདོམས་གནང་བཞིན་པ།

    གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

     ཟླ་12ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་དང་ཁྲོམ་གཞུང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གནང་བར་ཕེབས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏན་ཏིག་གི་བླང་བྱ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས“1+N”ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི“ཞིབ་ཕྲ་ཅན”དང“གཞི་གཅིག་ཅན”ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་གཞི་རིམ་ལས་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་དོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ། གཞི་རིམ་གྱི་དྲ་མིག་པ་དུད་ཚང་དུ་སྐྱོད་པའི་ལས་དོན་ལ་ས་གནས་ས་ཐོག་ཏུ་བཀོད་གཏོང་གནང་ཞིང་། ཁོང་གིས་དྲ་མིག་ཅན་གྱི་ཞབས་འདེགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་ནི་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་རེ་འབོད་ལྷག་བསམ་ཟོལ་མེད་ངང་ཉན་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར། ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་འགལ་ཟླ་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་སེལ་དགོས། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་མཐའ་འཁྱོངས་དང་། མང་ཚོགས་དང་བསམ་བློ་གཅིག་མཐུན་དང་ལས་ཀ་མཉམ་དུ་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་རྒན་རྒོན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། འབྲེལ་ཡོད་ལས་དོན་པར་རྟག་ཏུ་རྒན་བཀུར་རྒན་གཅེས་ཀྱི་བསམ་པ་བཅངས་ནས་ཞབས་འདེགས་གནད་སྨིན་ཞུ་བ་དང་ཐོན་ཁུངས་སྤྱོད་ཚད་སྔར་བས་མཐོ་རུ་བཏང་སྟེ་རྒན་རྒོན་ཚོའི་བདེ་ཐང་ལ་སྔར་བས་འགན་ལེན་བྱེད་པ་དང་། འཚོ་བ་སྔར་བས་ལེགས་སུ་གཏོང་བ། སེམས་པ་སྔར་བས་སྐྱིད་པོ་བཅས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བར་སྐོར་ཁྲོམ་གཞུང་དུ་གནས་པའི་དཔལ་གླིང་སྡེ་ཁུལ་དུ་ཝང་ཅུན་ཀྲེང་གིས་སྲང་ལམ་བརྒྱུད། ཕེབས་ཀྱིན་གཟིགས་ཞིབ་དང་གནད་དོན་བཀའ་འདྲི་གནང་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱ་ཐབས་དང་ལས་ཀའི་ཕན་འབྲས་ནན་ཏན་ངང་གསན་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ས་གནས་ས་ཐོག་ཏུ་ཐག་གཅོད་གནང་བ་རེད། དཔལ་གླིང་སྡེ་ཁུལ་གྱིས་ད་ལོའི་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བསལ་བ་མཁྱེན་རྗེས་ཝང་ཅུན་ཀྲེང་གིས་གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཚན་རིག་གི་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་གྱི་རང་བཞིན་བཅས་ལ་སྣང་ཆེན་གྱིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་ཞིང་དང་ལེན་བྱེད་སླ་བའི་བྱ་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་གསུངས་པ་དང་། ཝང་ཅུན་ཀྲེང་གིས་སྐབས་བསྟུན་དུ་སྡེ་ཁུལ་གྱི་སྒོ་ར་ཆེ་མོར་ཕེབས་ཏེ་དུད་ཚང་དུ་སྐྱོད་བཞིན་པའི་དུད་སྦྲེལ་སྤྱི་མི་ཆོས་སྒྲོན་དང་གླེང་མོལ་གནང་ནས་དེ་གར་འཚོ་བ་སྐྱེལ་བཞིན་པའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཡོད་མེད་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད་པས་མང་ཚོགས་ལ་སེམས་ཁུར་དང་སེམས་ནང་མང་ཚོགས་བཅངས་ནས་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཞིབ་ཕྲའི་སེམས་ཁྲལ་དང་དཀའ་གནད་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས། སྤྱི་ཡོངས་ཁྲོད་བསམ་གཞིག་དང་སྤྱི་ཡོངས་ཁྲོད་བྱ་སྤྱོད་སྤེལ་བ་མཐའ་འཁྱོངས་ཀྱིས་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་ཐོག་མཐའ་བར་གསུམ་དུ་ཏན་ཏིག་ཁྱབ་པ་དང་། རང་འགན་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཚད་གཞི་དང་ངར་ཤུགས་མི་ཆག་པ་དང་། བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་པ། གཙོ་གནད་དང་འགག་རྩར་དམ་འཛིན། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་མགོ་ཡོད་མཇུག་ཡོད་དང་ལས་དོན་སྒྲུབ་མཁས་པོ་དང་སྒྲུབ་ཐུབ་པར་བྱས་ཏེ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། “གཞི་རིམ་དུ་སྐྱོད་པ་བཞི”མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམིགས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ཉམས་མྱོང་ལ་ཕྱོགས་སྡོམ། ཉེ་འགྲམ་གྱི་དཔེ་མཚོན་འདེམས་པ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་དངོས་སུ་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ལས་དོན་གྱི་སྟོབས་ཤུགས་ཀྱི་འདེགས་སྐྱོར་བརྟན་ཤོས་གཞི་རིམ་དུ་ཡོད། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་བརྟན་པོར་བཙུགས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་རྣམ་ཅན་གྱིས་དག་ཐེར། གཞི་རིམ་དུ་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། ཆབ་སྲིད་ཀྱི་སྣེ་ཁྲིད་དང་། རྩ་འཛུགས་ཀྱི་སྐུལ་སློང་། མཐུན་སྦྱོར་སྐུལ་འདེད་སོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགག་རྩའི་ནུས་པ་ཧུར་ཐག་འདོན་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་། གཞི་གཅིག་ཅན་དང་ཕྱོགས་བསྡུས་ཅན་གྱི་གཞི་རིམ་བཅོས་སྐྱོང་གྲངས་གཞིའི་ལས་སྟེགས་འཛུགས་པ། བོད་ཀྱི་དོན་དངོས་དང་འཚམ་ལ་སྤྱོད་གོ་ཆོད་པོའི་ལས་དོན་སྒྲུབ་སྟངས་དང་ཕུགས་ཕན་ལམ་སྲོལ་ཆ་ཚང་ཞིག་འཛུགས་པ། བྱེད་པོ་ཁག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་སྐོང་འཐེན་བྱེད་པ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་བཏོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།