དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་འབྲེལ་ཡོད་དོན་གནད་བརྡ་ཁྱབ་བཏང་བ་དང་འབྲེལ། ཞིབ་ཕྲའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་དང་། བཀྲ་ཤིས་ཟླ་བ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཚང་འཛོམས་གྲོས་ཚོགས་ཀྱི་གྲ་སྒྲིག་ལས་འགན་ལྕི་བ་དང་། དུས་ཚོད་ཛ་དྲག་པ། བླང་བྱ་མཐོ་བ་བཅས་ཡོད་པས་དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་དང་། ཚོགས་འདུའི་དཔྱད་ཡིག་ལ་ཞིབ་བཤེར་ནན་པོ། དྲིལ་བསྒྲགས་འཕྲིན་སྤེལ་ལ་ཇུས་འགོད་ཞིབ་ཚགས། བདེ་འཇགས་འགན་སྲུང་ལ་དམ་འཛིན་ནན་པོ། ནུས་ཤུགས་ཡོད་རྒུས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ། འབྲེལ་གཏུག་ཞབས་འདེགས་ཡག་པོ་ཞུ་བ། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་ལྟ་རྟོག་དང་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་རང་རྟོགས་ངང་དང་ལེན་ཞུས་ནས། ལས་ཀའི་སྟོབས་ཤུགས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་མང་ཙམ་ཞུ་བ་དང་། འབྲེལ་བ་ཧུར་ཐག་བྱས་ནས་ཕྱོགས་ཡོངས་ཀྱི་ལས་ཀའི་མཉམ་ཤུགས་ཆགས་པ། མཐུན་སྒྲིལ་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་ཇུས་གཅིག་དང་། བློ་གཅིག་སེམས་གཅིག རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཆགས་པ། གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་ཚོགས་ཆེན་བདེ་འཇགས་དང་གོ་རིམ་ལྡན་པ་དང་། སྤྱོད་གཙང་གཞུང་དྲང་། ཐུགས་གྲ་ལེགས་འགྲིག་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།