དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-14

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུཌ་པུས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་བརྒྱུད་བསྒྲཌ་སློབ་སྦྱོང་བྱས་པ་དང་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གཏིང་ཟབ་དང་། ལག་ལེན་གཏིང་ཟབ་བྱེད་པ། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་ཞིབ་ཚགས་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས་པ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ཐང་ཆེ་བ། དངོས་སྒྲུབ་གསར་གཏོད། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱས་ཏེ་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཀྱི་ལས་ཀའི་རྣམ་པ་གསར་པ་གཏོད་པར་འགན་སྲུང་ནུས་ལྡན་བྱེད་དགོས་པ། རྩ་འཛུགས་སམ་སྡེ་ཚན་གྱི་འགན་ནུས་དང་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཕྱོགས་11གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་བ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་གཏོང་བ། སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་བརྩི་མཐོང་བྱེད་པ་སོགས་ལ་ནུས་པ་གང་ལེགས་འདོན་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དྲ་ཐོག་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་སྐད་ཆ་ཤོད་དབང་ལ་སྟངས་འཛིན་ནན་པོ་བྱས་ནས“བོད་ཀྱི་རྩ་འཛུགས་ལས་དོན་པ”དང“བོད་ཀྱི་གདོང་ལེན་པའི”སྐད་འཕྲིན་གྱི་སྤྱི་རྟགས་དང་འཁྱུག་དབྱིངས་ཀྱི་བརྙན་ཐུང་ཨང་རྟགས་སོགས་རྩ་འཛུགས་ལས་དོན་གྱི་སྨྱན་སྦྱོར་གཡུལ་ས་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་རྩ་འཛུགས་ལས་དོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤེལ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།