དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཟླ་12ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་། ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ལིའུ་པོ་ཁྲེང་དང་། ལི་ཝུན་ཀོ སུན་ཤན་ཀྲུང་བཅས་དང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སོགས་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་བགྲོ་གླེང་བྱས་པ་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་སྙན་སེང་ཉན་པ། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་འགན་འཁྲི་ཁུར་ཏེ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་འགན་འཁྲི་འཁུར་དགོས་པ་དང་། འགན་འཁྲི་གཙོ་བོའི་ལས་དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ནན་པོ་དང་ཞིབ་ཚགས་ངང་སྒྲུབ་དགོས་པ། དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།