དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པ།

    དབྱང་ཧྥ་སེན་གྱིས་རུ་སྣེ་ཁྲིད་པ་དང་ལིའུ་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

    ཉིན་ཤས་གོང་། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་རུ་སྣེ་ཁྲིད་པའི་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་བྱེད་སྒོ་སྤེལ་བར་ཕེབས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་འཐུས་མི་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧུང་པོ་དང་། ཚེ་བརྟན། ཤཱ་ཁེ་ཆིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀའ་མངགས་ལྟར། ལིའུ་ཅང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚབ་ཞུས་ནས་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་བོད་ཀྱི་སྲིད་ཁྲིམས་ཀྱི་ལས་དོན་ལ་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ལིའུ་ཅང་གིས། ཡུན་རིང་ཚུན་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་ཡོད།

    མཚོ་སྔོན་གྱིས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་དང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་བརྟན་དུ་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། རྒྱང་ལམ་གསར་པར་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་སྲིད་ཁྲིམས་ལས་ཁུངས་དབར་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དེས་སྲིད་ཁྲིམས་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། བོད་འབྲེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“ཁྱིམ་ཚང་གཅིག”དང“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐུན་སྦྱོར་དམ་ཟབ་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྲིད་ཁྲིམས་ལས་དོན་ཐད་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་དུས་བདེ་དང་ཞི་མཐུན་མཉམ་སྐྲུན་ཁུལ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཐོ་ས་མཉམ་དུ་བཏོད་དེ། མཚོ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

    དབྱང་ཧྥ་སེན་གྱིས། མཚོ་སྔོན་ཞིང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་འགྲོ་འོང་དང་མཉམ་ལས་གཏིང་ཟབ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་དུ་སྲིད་ཁྲིམས་ལས་དོན་ལ་སློབ་སྦྱོང་དང་རྟོག་ཞིབ་ལ་ཡོང་བ་ནི་ཧྲུའུ་ཅི་ཁྲེན་ཀང་གིས་མཚོ་སྔོན་གྱི་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གྱི་བླང་བྱ་ཞིག་ཡིན་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་འཐབ་ཇུས་མཉམ་ལས་དོན་འཁྱོལ་ཞིབ་ཚགས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤེལ་རེས་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་བཅས་བྱས་ནས་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་མཉམ་དུ་གཏོད་དགོས། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་། དུས་བཀག་ནང་སྒྲུབ་གཉེར། དུས་བཀག་གི་གྲོས་མོལ་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ལྟ་སྐུལ་དང་། གྲོང་ཁྱེར་དང་ཀྲོའུ་ཡིས་མཐུན་སྦྱོར། རྫོང་དང་གྲོང་ཁྱེར་གྱིས་འགན་འཁྲི་གཙོ་བོ་འཁུར་བ་བཅས་བྱས་པ་བརྒྱུད། མཚོ་བོད་ས་མཐོ་ཡུན་རིང་བདེ་འཁོད་ཡོང་བར་མཉམ་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།