དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་མཁོ་ཚོང་ཚོགས་པ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

     ཉེ་ཆར། བོད་རང་སྐྱོང་ལྗོངས་མཁོ་ཚོང་ཚོགས་པ་ཚད་ཡོད་ཀུང་སི(བོད་ལྗོངས་མཁོ་ཚོང་ཚོགས་པ་ཞེས་བསྡུ་རྒྱུ)དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། དེ་ནི་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཞིང་ཆེན་རིམ་པའི་མཉམ་ལས་ཁང་དང་རྐང་དབང་མ་འཇོག་རྣམ་པར་བརྟེན་ནས་མཉམ་དུ་བཙུགས་པའི་མཉམ་ལས་ཁང་ལ་དབང་བའི་ཁེ་ལས་ཐོག་མ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད།

    ཀུང་སི་དེ་བཙུགས་རྗེས་བོད་ལྗོངས་མཁོ་ཚོང་ཚོགས་པས་བོད་ཀྱི་མཁོ་ཚོང་མཉམ་ལས་ཁང་གོང་འོག་འབྲེལ་མཐུད་ཀྱི་འཁོར་རྒྱུག་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། ཕྱིར་ཚོང་། ཞིང་སྤྱོད་རྒྱུ་ཆ་དང་ཇ་གྲབས་གསོག་མཁོ་སྤྲོད། ཞིང་འབྲོག་ཁུལ་གྱི་འཚོ་བའི་མཁོ་ཆས་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་གྲབས་གསོག་སོགས་ཀྱི་ཐད་གསར་འབྱེད་གཉེར་སྐྱོང་བྱེད་པར་དམིགས་ནས། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཧུར་ཐག་ཞུས་ཏེ་བོད་ཀྱིས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།