དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

    ཉེ་ཆར། རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུར་ལས་དོན་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དུག་འགོག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀུའུ་རེན་ཀྲང་ཧུང་པོ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུར་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་ཚོགས་འདུའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཚོགས་འདུའི་བཀོད་སྒྲིག་ཁག་གནད་སྨིན་དོན་འཁྱོལ་ཐུབ་པ་དང་ནུས་པ་ཐོན་པའི་འགན་ལེན་བྱེད་དགོས་པ། འབྲེལ་ཡོད་བླང་བྱ་ལག་ལེན་ནན་ཏན་བསྟར་ནས་ལོ་མཇུག་གི་དུག་འགོག་གཙོ་གནད་ལས་དོན་ཁག་དང་རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་པའི་ཞིབ་བཤེར་ལ་བསུ་བ་ཞུ་བའི་ལས་དོན་ཏན་ཏིག་སྤེལ་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་གཞིར་བཟུང་། བདེ་འཇགས་ཀྱི་རྣམ་པ་གསར་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་ལེན་བྱེད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུར་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།