བོད་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་ཁྲེན་ཡུང་ཆི་དང་ལིའུ་ཅང་ཞུགས་པ།
ཟླ་12ཚེས་5ཉིན་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བཞིན་པ།
ཟླ་12ཚེས་5ཉིན་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
དུས་བབ་འཕེལ་རྒྱས་དང་འཚམ་པ་དང་ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཟླ་12ཚེས་5ཉིན་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་དུས་བབ་འཕེལ་རྒྱས་དང་འཚམ་པ་དང་ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ལིའུ་ཅང་། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཝང་ཅུན། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་བརྟེན་ནས་བོད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་བོད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་ལས་འགན་གསར་པ་དང་། འགྲན་སློང་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ། ལས་ཀའི་ངེས་གནས་གནད་འཁེལ་འཚོལ་བ། བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས་བོད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས།
སེམས་ནུས་གཅིག་སྒྲིལ་བྱེད་པར་ཤུགས་ཆེན་པོ་བརྒྱབ་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་ཀྱི་དབང་ཆ་དམ་པོར་འཛིན་དགོས། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། དྲ་རྒྱའི་ནང་དོན་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་དྲ་ཐོག་དྲིལ་བསྒྲགས་ཞིབ་ཚགས་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱ་ཆེར་བཏང་ནས་དུས་རབས་གསར་པའི་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། དྲ་ཐོག་ཏུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤེལ་བཅས་བྱེད་དགོས།
སྲུང་བཅད་བརྟན་དུ་གཏོང་བར་ཤུགས་ཆེན་པོ་བརྒྱབ་ནས་དྲ་རྒྱའི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་མཐའ་འཁྱོངས་བྱེད་པ། དྲ་རྒྱའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་དྲ་རྒྱ་ཆེན་པོའི་བདེ་འཇགས་ལས་དོན་གྱི་རྣམ་པ་ཆགས་པར་བྱེད་དགོས། གྲངས་གཞིའི་བདེ་འཇགས་དོ་དམ་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་དང་། ལག་རྩལ་ཐོན་ལས། ཤེས་ལྡན་མི་སྣའི་སློབ་གསོ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་ཆེན་པོ་བརྒྱབ་སྟེ་བོད་ཀྱི་དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། བྱེད་པོ་མང་པོས་མཉམ་དུ་བཅོས་སྐྱོང་དང་བྱེད་ཐབས་མང་པོའི་ཕྱོགས་བསྡུས་ནུས་པ་ཐོན་རྒྱུ་མཐའ་འཁྱོངས་དང་། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་དྲ་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ཆ་འཕྲིན་ཅན་གྱི་སྣེ་ཁྲིད་ལ་ཤུགས་ཆེན་པོ་བརྒྱབ་སྟེ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་རྒྱུ་དང་། འགྲིམ་འགྲུལ། ཆུ་བེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྲངས་འཛིན་ཅན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གྲངས་འཛིན་བོད་ལྗོངས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གྲངས་གཞི་ཆེན་པོ་ཁྱབ་ཁོངས་མང་པོར་སྤྱོད་རྒྱ་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཐོན་ལས་གྲངས་འཛིན་ཅན་དང་གྲངས་འཛིན་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་མགྱོགས་པོ་བྱེད་པ་དང་། ཆ་འཕྲིན་གྱི་བཀག་རྒྱ་མེད་པར་བཟོ་བ་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། གྲངས་འཛིན་འཚོ་བའི་དམངས་ཕན་དམངས་བདེར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་ཤུགས་ཆེན་པོ་བརྒྱབ་སྟེ་དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས། རྒྱལ་སྤྱིར་ཁྱབ་སྤེལ་བྱེད་ནུས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཀྱི་ཐབས་ལམ་དང་གཞི་རྟེན་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ལས་ཀའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་བློ་དཀར་སེམས་དཀར་དང་། སྤྱོད་གཙང་གཞུང་དྲང་། འགན་འཁུར་ཕོད་པ་བཅས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་བཏོན་ཏེ་འབད་བརྩོན་ཆེན་པོས་སློབ་སྦྱོང་དང་འཇོན་ཐང་ཆེ་རུ་བཏང་ནས་དྲ་སྦྲེལ་གྱི་ཆོས་ཉིད་ཁོང་དུ་ཆུད་ནུས་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ། ཆ་འཕྲིན་ཅན་འཕེལ་རྒྱུས་ཀྱི་ཁ་ལོ་སྒྱུར་ནུས། དྲ་རྒྱའི་བདེ་འཇགས་ཀྱི་འགན་སྲུང་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཚོགས་འདུ་མ་འཚོག་གོང་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གསར་དུ་བདམས་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཉི་མ་བཀྲ་ཤིས་དང་བཞུགས་མོལ་གནང་ཞིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཉི་མ་བཀྲ་ཤིས་བཟོ་སྐྲུན་ཁང་གི་ཡོན་ཧྲིར་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཡོན་ཧྲི་ཉི་མ་བཀྲ་ཤིས་དང་དེ་བཞིན་ཁོང་གི་ཚོགས་པ་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་རིག་གཞུང་གི་ཐོག་མའི་བསམ་འདུན་མ་བརྗེད་པར་ཚན་ཞིབ་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། ཚན་རྩལ་གྲུབ་འབྲས་ཀྱི་ཕན་འབྲས་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངལ་རྩོལ་ལ་བརྩི་བཀུར་དང་། ཤེས་བྱར་བརྩི་བཀུར། ཤེས་ལྡན་མི་སྣར་བརྩི་བཀུར། གསར་གཏོད་ལ་བརྩི་བཀུར་བཅས་ཞུས་ནས་རྒྱ་ཆེའི་ཚན་ཞིབ་ལས་དོན་པར་ཆབ་སྲིད་ཐད་སེམས་ཁུར་དང་། ལས་ཀའི་ཐད་རྒྱབ་སྐྱོར། འཚོ་བའི་ཐད་དོ་ཁུར་བཅས་བྱས་ཏེ་ཚན་ཞིབ་དོ་དམ་དང་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་མི་སྣར་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།