དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་ཞིབ་གཅོད་ལས་དོན་ཚོགས་འདུ་དང་གྱོད་གཞི་ཞིབ་གཅོད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཟླ་12ཚེས་4ཉིན། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་ཞིབ་གཅོད་ལས་དོན་ཚོགས་འདུ་དང་གྱོད་གཞི་ཞིབ་གཅོད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལས་ཁུངས་ཀྱི་གྱོད་གཞི་ཞིབ་གཅོད་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་དང་ལྟ་སྐུལ་ཚོད་འཛིན་གྱི་འགན་ནུས་དང་འགན་འཁྲི་ནན་ཏན་ངང་ཁུར་ནས་སྤུས་ལེགས་ནུས་ཆེའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་ཏན་ཏིག དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་དང་། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས། ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོར་གཏོང་། གཙོ་རྒོལ་ཁ་ཕྱོགས་ཡང་དག་འཛིན་པ་བཅས་བྱས་ཏེ་གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད་མཐོན་པོར་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཚོགས་འདུར“ཆབ་སྲིད་ཀྱི་འདྲི་གཅོད”མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་ཐོག་ཏུ་མི་འཁྱོལ་བ་དང་། “ཡོད་པ་བདུན” ལག་བསྟར་བྱེད་རིང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ཡག་པོ་མི་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་གཏོང་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”དམིགས་ཚད་ལས་འགན་ལ་དམིགས་པ་དང་། གྱོད་གཞི་ཞིབ་གཅོད་ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཡོངས་ཀྱི་བཅོས་སྐྱོང་ཁྲོད་འཇོག་པ། ཞིབ་གཅོད་ཀྱི་འགན་ནུས་གང་ལེགས་འདོན་པ་བཅས་བྱས་ནས“ཞིབ་གཅོད་གཙོ་བོར”བཞག་སྟེ་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་དམ་པོར་གཞིགས་ནས་གྱོད་གཞི་སྒྲུབ་གཉེར་དང་གྱོད་གཞིའི་སྤུས་ཚད་ལ་འགན་ལེན་བྱེད་པ་དེ“འགོ་ཁྲིད་གཙོ་བོའི་འདུ་འགོད”ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དོན་དངོས་དཔང་རྟགས་ཀྱི་འགག་སྒོ་དང་། འགྲོ་ལུགས་གཉེར་བའི་བརྒྱུད་རིམ་གྱི་འགག་སྒོ ངོ་བོ་གཏན་འཁེལ་གྱི་ཐག་གཅོད་འགག་སྒོ་བཅས་ནན་པོར་བསྲུངས་ནས་གྱོད་གཞིའི་སྤུས་ཚད་ཀྱི་གཅིག་མཐུན་འདུས་གྲུབ་ནུས་ཤུགས་ཡོད་རྒུས་གཏོད་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་ཇུས་འགོད་བྱས་ཏེ། ཆད་གཅོད་གཏན་འབེབས་ལག་བསྟར་ཁྱབ་བསྒྲགས་དང་བསྐྱར་གཏུག་བསྐྱར་བཤེར་གྱི་ལས་དོན་ཡག་པོ་བསྒྲུབས་ནས“རུལ་སུངས་མི་བྱེད་པ་གསུམ”ལ་སྡེབས་གཅིག་ཏུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།