དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དང་སྨན་གླིང་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དང་སྨན་གླིང་གྲོང་ཁྱེར་དུ་ཕེབས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་མ་གཏོང་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད།

    ལའེ་ཅའོ་ཡིས། བརྗོད་དོན་གཙོ་བོའི་སློབ་གསོ་དེ་ལྟེ་བའི་ལས་འགན་དང་ཟུང་འབྲེལ་དམ་ཟབ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་ཟུང་འབྲེལ། ཕྱི་ལོའི་བསམ་ཕྱོགས་དམིགས་ཚད་བཟོ་འགོད་དང་ཟུང་འབྲེལ་བཅས་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་རྒྱུ་འགོ་འཛུགས་སར་བྱེད་པ། ཁྱབ་ཁོངས་གཙོ་གནད་དང་། ཁ་ཕྱོགས་གལ་ཆེན། རྣམ་གྲངས་ཆེ་རིགས་བཅས་འགག་གནད་སྒྲོལ་སར་བྱས་ནས་དམངས་འཚོའི་ཞན་ཆ་ཧུར་ཐག་སེལ་དགོས་པ། གཞུང་འཁྱོངས་གསར་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། དགོས་མཁོ་ཕྱོགས་སྟོན་དུ་བྱེད་རྒྱུ་འབུར་དུ་ཐོན་པར་བྱེད་པ། སྒྲིག་འཛུགས་ཅན་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། ཁེ་ཕན་ཅན་གྱི་འབྲེལ་བ་རྒྱ་སྐྱེད་གཏོང་བ། ལམ་ལུགས་ཅན་གྱི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཡི་ཆ་སྒྲིག་མཉམ་སྐྲུན་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་ནས་མཐའ་མཚམས་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། “མཉམ་འབྲེལ་བྱས་ནས་འཛུགས་སྐྲུན་དང་ཁྱུ་བསྒྲིགས་ནས་འཕེལ་རྒྱས་གཏོང་བར”སྐུལ་འདེད་ཤུགས་ཆེན་གཏོང་བ། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་ཤུགས་ཆེར་གཏོང་བ་བཅས་བྱས་ནས་འཁོར་རྒྱུག་ཚད་ལྡན་དང་། ཕན་འབྲས་ལེགས་པ། གཞི་ཁྱོན་ཅུང་ཆེ་བའི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པ། “གཞི་རིམ་དུ་བསྐྱོད་པ་བཞི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཡག་པོ་སྤེལ་བའི་དམ་འཛིན་བྱེད་ས་གལ་ཆེན་ལ་བརྩིས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་དེ་བས་བྱས་ཏེ། གནད་དོན་འཐབ་ས་དང་པོ་ནས་ཤེས་རྟོགས་དང་། ཁ་གཏད་འཇལ་ཐབས་འཐབ་ས་དང་པོར་ཆགས་པ། གནད་དོན་འཐབ་ས་དང་པོར་ཐག་གཅོད་ཐུབ་པ། འཇོན་ཐང་འཐབ་ས་དང་པོར་འཕེལ་བ། ལས་དོན་འཐབ་ས་དང་པོར་མཐོར་གཏོང་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།