དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་པས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་པ།

    ཡན་ཅིན་ཧའེ་ཡིས་དམ་བཅའ་འཇོག་སྐབས་ལྟ་སྐུལ་དང་གསུང་བཤད་གནང་བ། ཁྲེན་ཡུང་ཆི་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-04

    ཚེས་1ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་པས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དམ་བཅའ་འཇོག་སྐབས་ལྟ་སྐུལ་དང་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་གཙོ་སྐྱོང་གནང་བ་རེད།

    ཆུ་ཚོད་16ཡོལ་ཙམ་ལ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་ཤིང་། ཚང་མས་གུས་སྟབས་ཀྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་རྗེས་སྣེ་ཁྲིད་དམ་བཅའ་བས་རྩ་ཁྲིམས་སྟེང་ལག་པ་བཞག་སྟེ་རྒྱལ་རྟགས་ལ་ཁ་ཕྱོགས་ནས་དམ་བཅའི་ཚིག་ཀློག་པ་དང་། དམ་བཅའ་འཇོག་མཁན་21རྒྱབ་ངོས་སུ་རུ་སྟར་བསྒྲིགས་ནས་དམ་བཅའི་ཚིག་མཉམ་དུ་ཀློག་པ་རེད། 

    ཡན་ཅིན་ཧའེ་ཡིས་གསུངས་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། སྤྱི་དམངས་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་མཐོ་ཤོས་ཤིག་རེད། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རང་ལྗོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པའི་ངོ་བོ་ཉིད་ཀྱི་བླང་བྱ་ཞིག་ཀྱང་རེད། ཚང་མས་དམ་བཅའི་ཚིག་བློ་ལ་བརྟན་པོར་ངེས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། རང་འགན་ལ་བློ་དཀར་བ་དང་རང་འགན་གཙང་བསྒྲུབས་ཏེ་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རྩ་ཁྲིམས་ཀྱི་བླང་བྱ་ལག་ལེན་བསྟར་ནས་ཁྲིམས་ལྟར་བོད་སྐྱོང་བ་གནས་བབ་དེ་བས་མངོན་གསལ་དོད་པོར་འཇོག་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་ཡག་པོ་འདོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་མེད། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བླང་བྱ་སྲིད་གཞུང་གི་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས། སྲིད་གཞུང་གི་ལས་དོན་ཁག་ཁྲིམས་སྐྱོང་ལམ་དུ་སྐྱོད་པའི་འགན་ལེན་བྱེད་དགོས། རྩ་ཁྲིམས་ཀྱི་རིན་ཐང་མངོན་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས། མི་དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་དང་། མི་དམངས་ལ་བརྟེན་པ། མི་དམངས་སྲུང་སྐྱོང་བཅས་བྱེད་པ་དང་། ཁྲིམས་ལྟར་མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཡག་པོ་དང་། སྲུང་སྐྱོང་ཡག་པོ། མངོན་འགྱུར་ཡག་པོ་བཅས་ཡོང་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ལམ་ལུགས་དང་། ཁྲིམས་སྒྱུར་གྱི་གཏན་འབེབས། ཁྲིམས་འཛིན་གྱི་གྱོད་གཞི་བཅས་རེ་རེ་ལས་དྲང་གཞག་དང་དྲང་བདེན་ཚོར་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྩ་ཁྲིམས་ཀྱི་མཐའ་ཚད་དམ་པོར་བསྲུངས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ཐོག་མཐའ་བར་གསུམ་དུ་སྙིང་དབུས་ནས་གུས་སྐྲག་སྐྱེ་བའི་བསམ་བློ་མཐའ་འཁྱོངས་དང་། འགན་དབང་ཁྲིམས་བཀོད་བློ་ལ་བརྟན་པོར་ངེས་པ། ཁྲིམས་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པ། རང་རྟོགས་ངང་གཏམ་སྤྱོད་ལ་འཆུན་འདོམས། རང་འགུལ་ངང་ལྟ་སྐུལ་དང་ལེན། ཁ་ཤུགས་ཀྱིས་ཁྲིམས་ཀྱི་ཚབ་དང་དབང་ཤུགས་ཀྱིས་ཁྲིམས་གནོན་ལ་གཏན་འགོག ཁྲིམས་སྐྱོང་ལམ་དུ་སྒྲིག་ཁྲིམས་ནན་པོ་དང་གོ་རིམ་ཚད་ལྡན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། དྭངས་གསལ་དང་སྤྱོད་གཙང་གཞུང་དྲང་གི་རྣམ་པ་བཟང་པོ་གཏོད་པ་བཅས་ཀྱིས་བློ་དཀར་སེམས་དཀར་དང་། དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་མདངས་ཡུན་དུ་གནས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།