དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-02

    ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ཕེབས་ཏེ་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དང་། འཕྲལ་སྡོམ་དོ་དམ། གནོད་འཚེ་སྔོན་འགོག་ཉུང་གཏོང་། གེགས་སེལ་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    རེན་ཝེས་དགྱེ་གླིང་གྲོང་ཚོ་དང་། དགའ་ལྡན་གྲོང་ཚོ། གཏེར་ཀོང་གྲོང་ཚོ་སོགས་སུ་རྗེས་ཐོན་ཏང་ཀྲི་པུའུ་དག་ཐེར་དང་། ཇ་ལོ་འདེབས་འཛུགས་ལས་སྣོན། ཡུལ་སྐོར་དམངས་སྲོལ་གནས་ཚང་། ནགས་གསེབ་དཔལ་འབྱོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    རྡོ་གཞོང་ལའི་ཕུག་ལམ་གྱི་གངས་རྡིབ་གནོད་འཚེ་འགོག་བཅོས་ས་ཚིགས་དང་། མེ་ཏོག་རྫོང་གི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་མཛོད། མེ་ཏོག་གྲོང་ཚོའི་ནགས་ཚལ་མེ་ཟོན་མེ་གསོད་སྔོན་ཚུད་བཅའ་སྲུང་ས་ཚིགས་སོགས་སུ་རེན་ཝེ་ཡིས་འཕྲལ་སྡོམ་དངོས་ཟོག་གསོག་འཇོག་དོ་དམ་དང་། ནགས་དཔོན་ལམ་ལུགས་ཀྱི་ལས་དོན་དང་ཚན་རྩལ་ནུས་སྐྱེད་རིགས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་། གེགས་སེལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་ཧེ་རི་ཟམ་པ་སོགས་ཉམས་བཟོ་བརྟན་གཏོང་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་བརྟག་ཞིབ་གནང་སྐབས། རེན་ཝེ་ཡིས་ཨར་ལས་ཀྱི་འཕེལ་རིམ་དང་ལས་གྲྭའི་སྤུས་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།