དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    ཁྲེན་ཡུང་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    ཟླ་11ཚེས་29ཉིན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ལུའོ་མེ། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཀུང་ཧུའེ་ཚའེ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་གྲོལ་མ་ཐག་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། རྒྱལ་ཡོངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དང་ལྷག་པར་དུ་ལོ་མཇུག་དང་ལོ་སྟོད་ཀྱི་ལས་འགན་སྔར་བས་བཀོད་སྒྲིག་བྱས་པ་རེད། ཁྲེན་ཡུང་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    ཁྲེན་ཡུང་ཆི་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཕྲད་པའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ། བདེ་འཇཊ་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ། ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་བཀག་འགོག་བྱེད་པ། ལས་འཛོལ་ཆེན་པོ་དང་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྤྱིར་བཏང་རང་བཞིན་གྱི་ལས་འཛོལ་ཐོན་རྒྱུ་ནུས་ཤུཊ་ཡོད་རྒུས་འགོག་ཟོན་བཅས་བྱེད་དགོས། འགོག་ཟོན་བྱེད་ཐབས་ཐད་མཐའ་གཅིག་ཏུ་ནུས་ལྡན་ཡོང་བ་བྱས་ཏེ་གཏེར་རི་དང་། སོལ་རླངས། ཨར་སྐྲུན། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དམིགས་བསལ་སྒྲིག་ཆས་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། “དུས་ཆེན་གསུམ”འཆར་ཉེར་ཡོད་པའི་སྐབས་སུ་བོད་ནས་འགྲོ་འོང་བྱེད་མཁན་འཁོར་རིགས་མང་བ་དང་དགུན་ཁའི་རིང་གི་གངས་འཁྱགས་ལམ་དུམ་ཇེ་མང་དུ་འགྲོ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་པ་དང“རླངས་འཁོར། ལམ། མི”བཅས་རྒྱུ་རྐྱེན་གསུམ་ལ་གཞིགས་ཏེ་ཚད་ལྡན་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་བགྲོད་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་མ་ཐོན་གཏན་འགོག་བྱེད་དགོས། མེ་ཟོན་བདེ་འཇགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཚོང་ལས་ཕྱོགས་བསྡུས་ཁུལ་དང་། ཟ་ཁང་། སྨན་ཁང་། སློབ་གྲྭ དགོན་སྡེ་སོགས་མི་སྣ་འདུ་འཛོམས་བྱ་ཡུལ་ལ་དམ་པོར་དམིགས་པ་དང་། བདེ་འཇགས་ཐོན་སྒོ་བཀག་སྡོམ་དང་། གློག་སྐུད། རླངས་སྤྱོད་ཚད་ལྡན་མེད་པ་སོགས་ཀྱི་ལྷུ་ཚིགས་ཉམས་ཞན་ལ་གཞིགས་ནས་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྐྱོང་གང་ལེགས་བྱེད་པ། མེ་ཟོན་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།