དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-01

    ཚེས་29ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་ཝང་ཀང་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུར《〈ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག〉བཀྲམ་པའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། 《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་འབྲེལ་ཡོད་དོན་གནད་སྐོར་གྱི་གྲོས་འགོར》གྲོས་ཞིབ་བྱས་པ་དང《ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆའི་ཁ་བྱང་འདེམས་པའི་མཐུན་སྦྱོར་འཆར་འགོད་སྐུལ་སྤེལ་ལས་དོན་བགྲོ་གླེང་བཞུགས་མོལ་ཚོགས་འདུ་དང་དེ་བཞིན་དུས་རབས་གསར་པར〈འཕྲེད་གཞུང〉དུས་དེབ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གནས་ཚུལ་སྙན་ཞུ》དང་།

    《མངའ་རིས་ས་ཁུལ་དུ་བསྐྱོད་ནས“གསར་བརྗེའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་འཛུགས་སྐྱོང”ལ་ལྟ་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ》《“གཉིས་ཡང་སྲིད་ཇུས”ལག་བསྟར་བྱས་ཚུལ་གྱི་ཨུ་ཡོན་གྱི་ལྟ་ཞིབ་སྙན་ཞུ》སོགས་སྙན་ཞུ་བཅུ་ལྷག་ཙམ་ཉན་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། ཚོགས་འདུར་ཞུགས་མཁན་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》གི་བླང་བྱ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ་དང་དམངས་འཚོའི་དོ་ཁུར་བྱེད་སར་དམ་པོར་དམིགས་ནས་བསམ་གཞིག་དང་ཇུས་འགོད་མང་ཙམ་བྱེད་པ་དང་། ཐབས་འདོན་གྱི་སྙན་ཞུ་དང་གྲོས་གཞི་འདོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རིན་ཐང་ལྡན་པ་དང་ལྟ་བ་ཡང་དག་པའི་ཐབས་ཇུས་དང་གྲོས་འགོ་དེ་བས་མང་བ་བཏོན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲོས་མོལ་དང་ཐབས་ཇུས་ཧུར་ཐག་འདོན་དགོས། ཞབས་ཞུར་མཐོང་ཆེན་དང་སྔོན་ཇུས་བཟོས་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་དུས་འགོའི་གྲ་སྒྲིག་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་དང་ཞིབ་ཚགས་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།