དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོཊ་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཟླ་11ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། སྐོར་གཟིགས་ཙུའུ་ཀྲང་ལ་དབང་བསྐུར་འགན་བཞེས་དང་ལས་འགན་ཁག་བགོས་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཚུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། སྐོར་གཟིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དེ་བས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་སྐོར་གཟིགས་ལྟ་སྐུལ་ལ་མཛུབ་ཁྲིད་བཅས་བྱས་ནས། སྐོར་གཟིགས་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བསྟན་གནང་བའི་ཁ་ཕྱོགས་བརྒྱུད་མདུན་ཕྱོགས་སུ་སྤེལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་འདུར་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”དང“རང་སྐྱོང་ལྗོངས་ཀྱི་གནས་ཚུལ་གལ་ཆེན”སེམས་སུ་འཆང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་རིམ་བྱུང་གི་ལས་དོན་བླང་བྱར་དམ་པོར་དམིགས་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ལས་འགན་ལ་དམ་པོར་དམིགས་ཏེ། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྐོར་གཟིགས་བྱ་ཡུལ་ཚན་པའི་འགན་འཁྲིའི་ངེས་གནས་དང་ལས་རིགས་ཀྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཤུཊ་རྐྱེན་ཐེབས་བཟོ་ཡོད་པའི་འགན་འཁྲི་དང་། སྤྱོད་ཚུལ། རུལ་སུངས། སྒྲིག་སྲོལ་ལམ་སྲོལ་བཅས་ཀྱི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱེད་པ། སྲིད་ཇུས་ཁོང་དུ་ཡག་དག་ཆུད་པར་བྱེད་པ། ཕྱི་རོལ་ཡུལ་དང་བསྟུན་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནས་ཚུལ་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་རྩ་འཛུགས་པུའི་འབྲེལ་ཡོད་ཚན་ཁག་གི་ཁོངས་མི་ཚུགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།