དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱིས་རྒྱལ་ཡོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང”གི་སྔོན་ཐོན་བྱས་རྗེས་ཀྱི་སྙན་སེང་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-30

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཚོས་སྔོན་ཐོན་ལ་མིག་དཔེ་ལྟ་བ་དང་། རང་འགན་ཐེག་པ་འཁུར་ལེན། སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ་བཅས་བྱེད་པར་སྔར་བས་ལྕག་སྐུལ་བྱ་ཆེད། ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལྷ་སར་རྒྱལ་ཡོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང”གི་སྔོན་ཐོན་བྱས་རྗེས་ཀྱི་སྙན་སེང་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག་རྒྱལ་ཡོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ་མཁན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་གི་སྲིད་ཁྲིམས་ཨུ་ཡོན་དང་ཤང་ཀྲང་གཞོན་པ་རྒྱལ་མཚན་དང་། རྒྱལ་ཡོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱི“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་མཁན་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འཐུས་མིས་སྲིད་ཁྲིམས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་དོན་སྙན་ཞུ་གནང་བ་རེད། སྙན་ཞུ་ཚོགས་པའི་ཁོངས་མི་4ཡིས་བབ་ཆགས་པའི་སྐད་ཆ་དང་། ལྷད་མེད་ཀྱི་བརྩེ་སེམས། ཟུར་ཚད་མི་འདྲ་བ་བཅས་ནས་ཚང་མར“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་བ”ཚོས་སྤྱིར་བཏང་གི་ལས་གནས་ཐོག་བྱས་རྗེས་རླབས་པོ་ཆེ་བཞག་པ་དང་ཉེན་ཁ་འཕྲད་སྐབས་འགན་འཁུར་ཕོད་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་པ་རེད། སྙན་ཞུ་ནི་མི་སེམས་འགུལ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས་དེར་བཞུགས་བློ་མཐུན་ཚོར་བསམ་པའི་ཞུན་བརྡར་ཞིག་སྤྲས་ཡོད།

    སྙན་ཞུའི་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་བའི”སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ། “བྱེད་སྒོ་གསུམ”གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ཏེ་དད་སེམས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་དཔེ་བཟང་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ནས“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་དམངས་ཆེད་ཁྲིམས་འཛིན་པའི་དཔེ་བཟང་བའི་བླ་ན་མེད་པའི་བརྩེ་སེམས་ལ་སློབ་སྦྱོང་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གཞུང་དྲང་ཡ་རབས་ངང་ཁྲིམས་སྒྱུར་ཁྲིམས་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་བྱེད་པའི་དཔེ་བཟང་བའི་ལས་བཀུར་གྱི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ནས“འཛུགས་གཏོད་བཞི”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།