དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལྗོངས་ཡོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་འདུམ་འགྲིག་ལས་དོན་གྱི་ཚོགས་འདུ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཚེས་27ཉིན། ལྗོངས་ཡོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་འདུམ་འགྲིག་ལས་དོན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུར་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་60འཁོར་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་མཛུབ་སྟོན་གནང་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་འདུམ་འགྲིག་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་དུས་རབས་གསར་པའི་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི”ཁྲིམས་འཛིན་སུའོ་7ལ་མིང་བཏགས་ནས་གཟེངས་བསྟོད་ཀྱང་བྱས་པ་རེད།

    ཚོགས་འདུའི་ཐོག་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས། ས་ཆ་དེ་རང་དུ་འགལ་ཟླ་ཐག་གཅོད་བྱེད་པ་མཐའ་འཁྱོངས་བཅས་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”གཞི་རྩར་འཛིན་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་འདུམ་འགྲིག་གི་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”གཞི་རིམ་དུ་རྩ་བ་བརྟན་པོ་ཚུགས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”དར་སྤེལ་ཤུགས་ཆེན་བཏང་ནས་འདུམ་འགྲིག་ཆེན་པོའི་ལས་ཀའི་རྣམ་པ་ཧུར་ཐག་གཏོད་པ་དང་། “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སྐྲུན་མགྱོགས་སུ་གཏོང་བ། གཞི་རིམ་གྱི་ཉམས་མྱོང་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།