དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་། རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་གནང་བ།

    ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཟླ་11ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་། རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ། དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

    ཟླ་11ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་གི་འཐུས་མི་དང་། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་། རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་གནང་ཞིང་། ཁོང་གིས་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ། དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་དང་། ཟླ་བ་ཚེ་རིང་། ཀྲང་ཧུང་པོ། ཚེ་བརྟན། ཤཱ་ཁེ་ཆིན་བཅས་ཞུགས་ཡོད་པ་རེད།

    སྤེལ་རེས་བཞུགས་མོལ་གནང་སྐབས་འཐུས་མི་རྒྱལ་མཚན་དང་། བསོད་ནམས་ལྷ་ཤིས། ཚེ་དབང་དོན་གྲུབ། བསོད་ནམས་ནོར་བུ་སོགས་ཀྱིས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ངོས་འཛིན་དང་མྱོང་ཚོར་གླེང་ནས་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། དྲིན་ཚོར་ཡར་བརྩོན། གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས། ཡང་འབད་བསྐྱར་འབད་བཅས་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་མཚོན་པར་བྱས་ཡོད། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། སྤེལ་རེས་དང་མཉམ་སྒུལ་ཡང་ཡང་གནང་ནས་ཚང་མར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། ལས་དོན་ནན་ཏན་སྒྲུབ་པ་བཅས་བྱས་ཏེ་འགོ་འཛུགས་ས་གསར་པར་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་། སྤྱི་བདེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་དང་བུ་ཕྲུག་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས། གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བྱམས་བརྩེའི་ཐུགས་ཁུར་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་འཇོན་ཐང་ལ་ཞུན་བརྡར་སྤྲད་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྔོན་ཐོན་ཚད་ཤིང་དུ་བྱེད་པ་དང་དཔེ་བཟང་བ་མིག་དཔེར་བྱས་ནས་དཔའ་བོ་དཔེ་བཟང་བའི་ཕུལ་བྱུང་སྙིང་སྟོབས་དང་གཤིས་རྒྱུད་ལ་སློབ་སྦྱོང་གཏིང་ཟབ་དང་དར་སྤེལ་ཤུགས་ཆེན་བཏང་སྟེ། དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་འཛུགས་གཏོད་བྱེད་རིང་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་བསྟན་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་ཡག་པོ་སྒྲུབ་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་པར་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་གཞུང་གི་མོས་སེམས། བརྩེ་བའི་མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྲིད་ཁྲིམས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་བོད་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་བློར་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། བྱ་བ་ཐམས་ཅད་དོན་དངོས་ལ་གཞིགས་ནས་སྒྲུབ་པ། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ། ལས་ཀའི་ཞན་ཆ་སེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། དངོས་སྒྲུབ་གོ་ཆོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་འདོན་པ་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་བབ་དང་ལས་འགན་ཁོང་དུ་གནད་འཁེལ་ཆུད་པར་བྱས་ནས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་དང་རང་རྟོགས་ངང་བཅའ་ཁྲིམས་སློབ་སྦྱོང་དང་། བརྩི་སྲུང་། བེད་སྤྱོད་བཅས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་འགལ་ཟླ་སེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་མཐོང་ཆེན་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་དང་འགོག་ཟོན་ནན་པོ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་མང་ཙམ་ཉན་པ། ལས་ཀའི་ཧེ་བག་འཚོལ་ཞིབ་དང་འགག་གནད་སེལ་ཐབས་བྱེད་པ། ལས་ཀའི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཕན་འབྲས་དངོས་ཚོར་བར་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་རྟོགས་ངང་ཐག་གཅོད་བྱེད་པ། དུས་བབ་གསར་པའི་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ། འགལ་ཟླ་དང་ཉེན་ཁ་སྣ་ཚོགས་ཤེས་རྟོགས་དང་། སྔོན་འགོག འདུམ་གཅོད། དོ་དམ་ཚོད་འཛིན་བཅས་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་སྔར་བས་ལེགས་པར་བྱེད་དགོས། དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་སྤྱོད་བཟང་དར་སྤེལ་དང་བཟང་བསྟོད་ངན་སྨད་བྱེད་དགོས། དཔའ་བོ་དཔེ་བཟང་བའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་དཔའ་བོ་དཔེ་བཟང་བའི་ནུས་པ་འདོན་སྤེལ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དཔའ་བོ་དཔེ་བཟང་བ་མིག་དཔེར་བྱས་ཏེ་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་ལ་བརྩི་མཐོང་། སྔོན་ཐོན་བརྩོན་ལེན་བཅས་བྱས་ནས་ལས་གནས་ལ་གཞི་ཚུགས་པ་དང་དངོས་སྒྲུབ་འགན་ཁུར་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྲིད་ཁྲིམས་དཔུང་ཁག་ལ་སེམས་ཁུར་དང་གཅེས་སྐྱོང་མང་ཙམ་དང་། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས། ཆ་རྐྱེན་བཟང་པོ་གཏོད་པ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གཟི་བརྗིད་ཀྱི་བསམ་པ་དང་སྤོབས་སེམས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས་བོད་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།