དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཡིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐུལ་འདེད་ཚོཊ་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-29

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་ཁག་བགོས་ཇུས་གཞིར》ཆེད་དོན་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། “ཚོཊ་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་གཅེས་སྐྱོང་གནང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་ཀྱི་སྨན་བཅོས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ། ཚན་རིག་རིག་གནས་ཤེས་བྱ་ཁྱབ་གདལ་གཏོང་བ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བྱུང་མྱོང་མེད་པའི་ཕན་པ་དངོས་ཐོབ་ནས། མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་འདུ་འགོད་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འདུ་འགོད་ཅིག་ཏུ་གྱུར་ཡོད།

    ལའེ་ཅའོ་ཡིས་བསྟན་དོན། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། འགན་འཁྲི་ནན་དུ་གཏོང་བ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་རྒྱ་ཆེར་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱས་ནས་རྩིས་ཁྲ་བཟོ་བ་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་ཚད་བཀག་བླང་བྱ་ཁ་གསལ་བཟོ་བ། དུས་བཀག་བཞིན་བཀོད་གཏོང་ལས་དོན་སྤེལ་བ་བཅས་བྱས་ནས་གཙོ་གནད་ལས་འགན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རོགས་སྐྱོར་བྱ་ཡུལ་ཚན་པ་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ་དང་རྗེས་སྙེགས་ཕན་འབྲས་རྩད་གཅོད་ལ་མཐོང་ཆེན་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་ཁ་ཕྱོགས་མི་འཛོལ་བ་དང་། ཚད་གཞི་མི་ཆག་པ། ཤུགས་ཚད་མི་ཆག་པ་བཅས་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པ་ཤེས་རྟོགས་དང་། གནད་དོན་གསར་པ་ཤེས་རྟོགས། ཉམས་མྱོང་གསར་པར་ཕྱོགས་སྡོམ་བཅས་བྱེད་པར་མཐོང་ཆེན་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་ཚོད་འཛིན་བཟོ་བའི་ཆད་སྐྱོན་དང་ཞན་ཆ་ནུས་ཤུགས་ཡོད་རྒུས་སེལ་དགོས། རྒྱུན་སྲིང་ལག་བསྟར་དང་། སྙིང་རུས་གཏན་འཁྱོངས། རྒྱུན་མཐུད་ཤུགས་རྒྱག་པ་བཅས་ཀྱི་སྒོ་ནས་སྒྱིད་ལུག་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།