དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-27

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཏིང་ཡེ་ཤན་གྱིས་བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོའི་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ལོ་ལྔའི་འཆར་གཞི་དང་ལས་འཛིན་ལྷན་ཚོགས་འགོ་ཁྲིད་ཚན་ཁག་དང་། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་ཁག་གི་ལས་བགོས་སྟངས། ཞིབ་འཇུག་ལྷན་ཚོགས་ཀྱི་2024ལོའི་ལས་ཀའི་འཆར་གཞི་དང་ལྷན་ཚོགས་ཀྱི་དུས་དེབ་བཟོ་བའི་ལས་དོན་སོགས་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡན་ཨན་སྙིང་སྟོབས་དར་སྤེལ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡན་ཨན་སྙིང་སྟོབས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་། དངོས་ཡོད་ཀྱི་རྨང་གཞི། འཕེལ་རྒྱས་ཀྱི་གོ་རིམ་བཅས་ཁོང་དུ་ཆུད་པར་བྱེད་པ། ཡན་ཨན་སྙིང་སྟོབས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས། དར་སྤེལ། ལག་ལེན་བཅས་བསྟར་རྒྱུ་ནང་དོན་གལ་ཆེན་དུ་འཛིན་པ། ལྟེ་བར་དམིགས་པ་དང་ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། གསར་བརྗེའི་ས་བོན་རྒྱུད་འཛིན་བྱེད་པ་དང་། སྙིང་སྟོབས་ཀྱི་ཁྲག་རྒྱུན་མུ་མཐུད་འཛིན་པ། ཡན་ཨན་སྙིང་སྟོབས་དར་སྤེལ་དང་ལག་བསྟར་བཅས་ལོ་རྒྱུས་ཀྱི་འགན་འཁྲི་ཁྲག་ཏུ་ཁུར་ཏེ་ཡན་ཨན་སྙིང་སྟོབས་ཀྱིས་གངས་ལྗོངས་ས་མཐོར་དུས་རབས་ཀྱི་འོད་ཟེར་གསར་པ་འཕྲོ་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།