དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-27

    ཉེ་ཆར་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུར་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་2023ལོའི་གཏན་འཇགས་རྒྱུ་ནོར་མ་འཇོག་ལེགས་སྒྲུབ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ཉན་པ་དང་2024ལོའི་གཙོ་གནད་ལས་དོན་འཆར་འགོད་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    རེན་ཝེས་བསྟན་དོན། འདི་ལོ་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པར་བརྟེན་མ་འཇོག་དོན་འཁྱོལ་འགན་ལེན་དང་། འཆར་འགོད་ལེགས་སྒྲིག་ཚད་བརྒལ་རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་འཕེལ་རྒྱས། ལས་རིགས་དོ་དམ་མཐོར་འདེགས། ཏང་འཛུགས་སྐྱོང་ལ་ཕན་འབྲས་དངོས་ཐོན་པ་བཅས་བྱུང་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམིགས་ཚད་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་གཙོ་གནད་མངོན་གསལ་དོད་པ་དང་། སྤྱི་འདོམས་སྐུལ་འདེད། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས།

    རེན་ཝེས་2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་བོད་ཀྱི་ལེའུ་རྩོམ་རྒྱུ་སྤྱི་འདོམས་སུ་བྱས་ནས་2024ལོའི་ལོ་འཁོར་གྱི་གཙོ་གནད་ལས་དོན་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་འདེགས་སྐྱོར་དུ་བྱས་ཏེ་ཁག་གཅིག་དུས་ཐོག་ཏུ་ལེགས་སྒྲུབ་དང་། ཁག་གཅིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཁག་གཅིག་གང་མགྱོགས་ལས་འགོ་འཛུགས་པ། ཁག་གཅིག་ཇུས་འགོད་དང་གྲ་སྒྲིག་བཅས་བྱེད་དགོས་པ་དང་། བདེ་འཇགས་འཕེལ་རྒྱས་མཐའ་ཚད་དུ་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་དང་དག་ཐེར་གཏིང་ཟབ་བྱས་ཏེ་སྐྱེལ་འདྲེན་དང་ཨར་ལས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་ནང་ཁུལ་གྱི་ཚོད་འཛིན་ལམ་སྲོལ་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པ། ཏང་འཛུགས་སྐྱོང་འགན་ལེན་དུ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ནན་དུ་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།