བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ལིན་ཡན་ཀྲིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ།
ཟླ་11ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཀྲུང་གོ་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་ཡན་ཀྲིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒོ་བྱང་ཕྱེ་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ལིན་ཡན་ཀྲི་དང་ལྷན་དུ་བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒོ་བྱང་ཕྱེ་བ།
ཟླ་11ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཀྲུང་གོ་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་ཡན་ཀྲིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒོ་བྱང་ཕྱེ་བ་རེད། འདི་ནི་ཚོགས་ཆེན་འཚོག་ཡུལ་ཡིན་པ།
● གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས།
ཟླ་11ཚེས་23ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཀྲུང་གོ་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིན་ཡན་ཀྲིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒོ་བྱང་ཕྱེ་བ་རེད།
དབང་ཧའེ་ཀྲོའུ་དང་། ཟླ་བ་ཚེ་རིང་། ཝང་ཅུན། ལང་ཧྥུའུ་ཁོན། ཝང་ཀང་། ཏིང་ཡེ་ཤན། གོ་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་བཙུགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་ཡུན་རིང་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཡན་ཨན་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་རྒྱུད་རབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ས་ཁོངས་ཀྱི་གསར་བརྗེའི་རིག་གནས་སྐྱོང་སྤེལ་དང་། ཡན་ཨན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཟུང་འབྲེལ་གྱིས་སྲིད་དོན་མི་སྐྱོང་གི་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡན་ཨན་གྱི་སྙིང་སྟོབས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གོ་བ་བླངས་ནས་ཡན་ཨན་གྱི་སྙིང་སྟོབས་ལ་གསལ་འགྲེལ་དང་འཆད་འགྲེལ་ཡག་པོ་བྱེད་པ་དང་དུས་མཚུངས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་ཀྱི་གསལ་འགྲེལ་དང་འཆད་འགྲེལ་གྱི་ལས་དོན་ལེགས་པར་བསྒྲུབས་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་ཁག་གཅིག་ཧུར་ཐག་བཏོན་ཏེ་བློ་བརྟན་འགྱུར་མེད་ངང་ཡན་ཨན་གྱི་སྙིང་སྟོབས་ལ་རྩེ་གཅིག་ཏུ་ཞིབ་འཇུག་བྱེད་མཁན་ཞིག་བྱེད་དགོས། ཡན་ཨན་གྱི་སྙིང་སྟོབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཏེ་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་ནས་ཡན་ཨན་གྱི་སྙིང་སྟོབས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་དང་། བློ་བརྟན་འགྱུར་མེད་ངང་ཡན་ཨན་གྱི་སྙིང་སྟོབས་ཁྱབ་སྤེལ་གཏོང་མཁན་ཞིག་ཧུར་ཐག་བྱེད་དགོས། ཡན་ཨན་གྱི་སྙིང་སྟོབས་ལག་ལེན་ཧུར་ཐག་བསྟར་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། སྔོན་ཐོན་གྱི་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཡན་ཨན་གྱི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་ནན་ཏན་བཅས་བསྔོགས་ནས། བློ་བརྟན་འགྱུར་མེད་ངང་ཡན་ཨན་གྱི་སྙིང་སྟོབས་གསར་གཏོད་དང་འཕེལ་རྒྱས་གཏོང་མཁན་ཞིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་གསུངས་དོན། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་བཙུགས་པས། ལྗོངས་ཡོངས་ལ་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་ལས་སྟེགས་བསྐྲུན་པ་དང་དཔུང་ཁག་གཅིག་སྡུད་བྱས་ཡོད། རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་མཐའ་འཁྱོངས་བཞག་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིགས་གཅིག་མཁས་ཅན་གྱི་མཛོད་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་བརྟག་དཔྱད་ཞིབ་འཇུག་དང་། སྲིད་དོན་ཇུས་འབུལ། དྲིལ་བསྒྲགས་སྒྲོག་འགྲེལ་བཅས་གཏིང་ཟབ་བྱས་ནས་འགན་འཁྲི་སྒྲུབ་ནུས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཞིབ་འཇུག་ལྷན་ཚོགས་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། རིགས་པའི་གཞུང་ལུགས་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཞིབ་འཇུག་ཚོགས་པ་ཞིག་ཏུ་ཧུར་ཐག་གཏོད་དགོས།
ཀྲུང་གོ་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་བཙུགས་པར་རྟེན་འབྲེལ་ཞུས་ཤིང་། བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡན་ཨན་གྱི་སྙིང་སྟོབས་ལ་ཞིབ་འཇུག་གཏིང་ཟབ་དང་། དྲིལ་བསྒྲགས་ཤུགས་ཆེན། ལག་ལེན་ནན་ཏན་བསྟར་བ་བཅས་ལ་ཤུགས་བརྒྱབ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་ཧུར་ཐག་འབུལ་བའི་རེ་བ་ཞུས་པ་རེད།
ཚོགས་འདུར《བོད་རང་སྐྱོང་ལྗོངས་ཡན་ཨན་གྱི་སྙིང་སྟོབས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ལས་འཛིན་དང་། ལྟ་ཞིབ་པ། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཚོགས་གཙོ་དང་། རྒྱུན་ལས་ཚོགས་གཙོ་གཞོན་པ། ཚོགས་གཙོ་གཞོན་པ། དྲུང་ཆེ། དྲུང་ཆེ་གཞོན་པ་བཅས་བདམས་པ་རེད།