ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་གཙོ་གནད་མངོན་གསལ་དོད་པ་དང་། རྨང་གཞི་བརྟན་པོ། ཚད་གཞི་མཐོ་ལ་སྤུས་ཚད་ལེགས་པ་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཡག་པོ་སྤེལ་དགོས།
ཟླ་11ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྐུལ་སྤེལ་ཚོགས་འདུ་སོགས་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གཙོ་གནད་མངོན་གསལ་དོད་པ། རྨང་གཞི་བརྟན་པོ། ཚད་གཞི་མཐོ་ལ་སྤུས་ཚད་ལེགས་པ་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཡག་པོ་སྤེལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན་། ས་ཁུལ་དང་གྲོང་ཁྱེར་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་ཏན་ཏིག་བཅས་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་དང་། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད། དམིགས་ཚད་དང་བླང་བྱ་ཁོང་དུ་ཆུད་པ། གཙོ་གནད་ལས་འགན་མངོན་གསལ་དོད་པ། ལས་གནས་ལ་གཞི་ཚུགས་ནས་བྱ་བ་དངོས་སྒྲུབ་པ། འགན་འཁྲི་ལག་ལེན་བསྟར་ནས་འགན་འཁྲི་འཁུར་ཕོད་པ་མངོན་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ལས་དོན་ཁག་གོ་རིམ་ལྡན་པ་དང་། ཏན་ཏིག གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་སྒྲུབ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག རིགས་དབྱེ་མཛུབ་ཁྲིད་བཅས་མཐའ་འཁྱོངས་ཀྱིས་བསམ་ཕྱོགས་དང་། བྱ་ཐབས། ལམ་སྲོལ། བྱེད་ཐབས་བཅས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་ཏན་ཏིག་བྱེད་དགོས།
རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱེད་པར་འབད་བརྩོན་བྱས་ནས་སློབ་སྦྱོང་རྗེས་ཟིན་པ་དང་ངོས་འཛིན་རྗེས་ཟིན་པ་བྱས་ནས། དགོངས་དོན་གྱི་ངོ་བོ་གསལ་རྟོགས་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དོན་དངོས་ཀྱི་བརྟག་དཔྱད་ཞིབ་འཇུག་ལ་གཏིང་ཟབ་ཞུགས་ནས“གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས། གནད་འཁེལ། ནུས་ལྡན”བཅས་ཀྱི་བྱེད་ཐབས་ཡག་པོ་སྤྱད་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི”མཐའ་འཁྱོངས་བྱས་ནས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་བསམ་འདུན་དང་མཐུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱེད་དགོས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ། འགལ་ཟླ་དང་གནད་དོན་གཞི་རིམ་ནས་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་སེལ་བ་བཅས་བྱེད་དགོས་པ། དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་བཏོན་ནས་ཉམས་མྱོང་ཕྱོགས་སྡོམ་ལ་སྣང་ཆེན་དང་ཉེ་འགྲམ་གྱི་དཔེ་མཚོན་བདམས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་སྐྲུན་དགོས།
དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ལྷོད་མེད་བྱེད་དགོས་ཤིང་། དག་ཐེར་དང་བཅོས་སྒྲིག་ལ་ཤུགས་བརྒྱབ་ནས་ཐད་ཀར་སློབ་གསོ་རྒྱག་པ་མཐའ་འཁྱོངས་ཀྱིས་དུས་དང་བསྟུན་ནས“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཏེ་གནད་དོན་གྱི་དཀའ་གནད་བཙལ་འཚོལ་དང་བཅོས་སྒྲིག་དང་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཟུར་བསྟན་ལེབ་མཐོང་དང་། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ། ཞན་ཆ་སེལ་བ་བཅས་བྱེད་དགོས་པ། སྤྱི་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པར་སྣང་ཆེན་གྱིས་གཞི་རིམ་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་ཚུགས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་པ་བཅས་བྱས་ནས་གཙོ་གནད་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་སོགས་ཀྱི་ཐད་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་རེད།