དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

    ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཟླ་11ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཚོགས་འདུར་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལྟ་བཤེར་གྱི་ཆེད་དོན་པར་གཞིར་གཟིགས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་གི་ལས་དོན་ལ་བཀོད་པ་གཏོང་བ། ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་འདི་ལོའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། འགོ་ཁྲིད་གཙོ་བོས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ“འདུ་འགོད་ཨང་དང་པོར”བརྩིས་ནས་རང་ངོ་མས་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་ཀྱི“ཆེ་ཤོས་བཞིའི”བླང་བྱ་གཞིར་བཟུང་། 2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་ཀའི་གཙོ་གནད་དང་བྱ་སྤྱོད་ཀྱི་ཇུས་གཞིར་ཞིབ་བསྡུར་བྱས་ནས་རེ་རེ་བཞིན་རྩིས་བཤེར་དང་ཚང་བཤེར་ཆད་གསབ་ཀྱིས་བྱ་ཐབས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་ཧུར་ཐག་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་གནད་དོན་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཟུར་བསྟན་ལེབ་མཐོང་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་ལྟ་བཤེར་བྱེད་རིང་ཤེས་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་དང་། གསལ་ཐོ་བཟོ་བ། བྱེད་ཐབས་ཞིབ་ཕྲ་བཟོ་བ། དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་རེ་རེ་བཞིན་ཐག་གཅོད་འགན་ལེན་བཅས་བྱས་ནས་སྲིད་ཇུས་དོན་འཁྱོལ་དང་། སྲིད་དོན་ཞབས་ཞུ། རྒྱུ་རྐྱེན་གཙོ་བོ་འགན་ལེན། ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་ཁོར་ཡུག་སོགས་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ནུས་ལྡན་བྱེད་དགོས། ཚད་གཞི་དང་བསྡུར་བའི་བྱ་སྤྱོད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། འོས་སྐུལ་འོས་དཔོད་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། གཉེར་སྐྱོང་བྱེད་པོའི་དྲང་གཞག་འགྲན་རྩོད་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་འགལ་རྐྱེན་གྱི་གནད་དོན་བཅོས་སྒྲིག་ཤུགས་ཆེན་བཅས་བྱས་ཏེ་འོས་སྐུལ་འོས་དཔོད་དྲང་གཞག་དང་། ཚད་ལྡན། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། རྒྱུན་རྣམ་དང་ཕུགས་ཕན་མཐའ་འཁྱོངས་ཀྱིས་དག་ཐེར་གྱི་གྲུབ་འབྲས་ཕུགས་ཕན་ལམ་སྲོལ་དུ་བསྒྱུར་ནས་ཚོང་གཉེར་ཁོར་ཡུག་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁུངས་སྣེ་ཐེར་འདོན་གྱི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་བསམ་འཆར་སྒམ་འཛུགས་པ་དང་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དང་གཉེར་སྐྱོང་བྱེད་པོའི་བསམ་འཆར་ཆེ་བའི་གནད་དོན་ལ་དམིགས་ཏེ་མངོན་བཤེར་ལྐོག་ཞིབ་དང“ཕྱིར་མིག་ལྟ”ཤུགས་ཆེ་རུ་བཏང་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་མ་ལག་གི་ཚད་གཞི་དང་བསྡུར་ནས་ཞན་ཆ་གང་མགྱོགས་སེལ་དགོས། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།