དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་དྲོད་རླངས་མཁོ་འདོན་འགན་ལེན་དང་དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞིབ་འཇུག་དང་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་དགུན་གློག་མཁོ་འདོན་འགན་ལེན་གྱི་ལས་དོན་དང་དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་བཀོད་པ་གཏོང་བ་དང་། ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་དང་ཆབས་ཅིག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ཀྲང་ཧུང་པོ། ཝེ་ཤིའུ་ཁྲང་བཅས་ཚོགས་འདུར་ཕེབས་པ་རེད།

    ཁྲེན་ཡུང་ཆིས་བསྟན་དོན། མི་རིགས་ཁག་གི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་ཀྱི་འདུ་འགོད་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ནུས་རྒྱུའི་ཁེ་ལས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རང་ལྗོངས་ཀྱི་དྲོད་རླངས་མཁོ་འདོན་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་ཀའི་དྲོད་རླངས་མཁོ་འདོན་འགན་ལེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བཅས་བྱས་ནས། འདོན་སྤྲོད་དང་དགོས་མཁོ་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཞན་ཆ་འཚོལ་བ་དང་བསལ་ནས་དྲོད་རླངས་མཁོ་འདོན་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་གློག་མཁོ་འདོན་འགན་ལེན་གྱི་ཇུས་གཞིའི་བླང་བྱ་ལྟར། གློག་ཁུངས་ས་ཚིགས་དུས་བཀག་ལྟར་བེད་སྤྱོད་དང་། གློག་དྲ་ལེ་ལག་ཚང་བའི་འཛུགས་སྐྲུན་དང་དུས་བཀག་ལྟར་ཞིབ་བཤེར་བཟོ་བཅོས། སྣུམ་རླངས་དང་རྡོ་སོལ་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ནུས་རྒྱུའི་ཕྱོགས་བསྡུས་འགན་ལེན་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་སྟེ། གློག་སྤྱོད་མང་བའི་དུས་སུ་མ་སླེབས་གོང་གློག་ཁུངས་བསྐྲུན་ནས་གློག་གཏོང་ཐུབ་པ་དང་། གློག་དྲ་ནས་གློག་གཏོང་ཐུབ་པ། གློག་ཤུགས་མཁོ་འདོན་འདང་ངེས་བཅས་འགན་ལེན་བྱས་ཏེ་དུས་ཚིགས་གལ་ཆེན་ལ་གློག་སྣུམ་རླངས་སོལ་མཁོ་འདོན་བདེ་འཇགས་དང་བརྟན་པོ་ཐུབ་པའི་འགན་ལེན་བྱེད་དགོས། ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནུས་རྒྱུ་ཅུས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་བཅས་ཀྱིས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་སྣེ་ཁྲིད་ནུས་པ་བཏོན་ནས་གློག་མཁོ་འདོན་གྱི་ཇུས་གཞི་དང་གློག་སྤྱོད་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། སྔོན་ཇུས་བཟོ་བ། ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དམངས་འཚོའི་གློག་སྤྱོད་དང་ཐོན་སྐྱེད་གློག་སྤྱོད་མཐའ་གཅིག་ཏུ་འགན་ལེན་བྱས་ནས་གློག་འགོག་པའི་སྣང་ཚུལ་མི་ཐོན་པར་བྱེད་དགོས།

    ཁྲེན་ཡུང་ཆིས་བླང་བྱ་བཏོན་དོན། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས་དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་འཆར་གཞི་དོན་འཁྱོལ་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། སང་ལོའི་རྣམ་གྲངས་ཀྱི་འཆར་གཞི་གཅིག་གྱུར་ཐོག་འཆར་འགོད་ཡག་པོ་བྱས་ནས་སྙན་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་དེ་བས་མང་བ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། “དགུན་དལ”དེ“དགུན་བྲེལ”དུ་བསྒྱུར་ཏེ། རྣམ་གྲངས་གྲབས་གསོག་ཡག་པོ་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱས་ཏེ་ལས་གྲྭའི་དངུལ་འགྱངས་ཆད་བྱེད་པའི་སྣང་ཚུལ་མི་ཐོན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་འཛིན་པ་དང་། གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།