དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་གཞིས་རྩེ་གྲོང་ཁྱེར་དུ“གཞི་རིམ་དུ་སྐྱོད་པ་བཞིའི”བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    ཚེས་15ནས་17ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་འགན་གྱི་བླང་བྱ་ལག་བསྟར་ནན་ཏན་གནང་སྟེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་འཕྲང་སྒོ་གྲོང་ཚོའི་ཏང་ཡོན་གྱི་དངོས་སྦྱོང་རྟེན་གཞི་དང་། བསམ་གྲུབ་རྩེ་ཆུས་འབུམ་མོ་ཆེ་སྡེ་ཁུལ། བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན། ཁང་དམར་རྫོང་ཕྱི་འབྲོག་གྲོང་ཚོ་བཅས་དང་དེ་བཞིན་མཚོ་མོ་ཞིང་འབྲོག་ཞོར་ལས་ཕྱོགས་བསྡུས་ལས་སྣོན་བྲིན་ཚོང་མཉམ་ལས་ཁང་བཅས་སུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་དང་། ཞིང་འབྲོག་ཁུལ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་གནང་བ། ཡུལ་དངོས་སུ་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་ལས་དོན་གཏིང་ཟབ་སྤེལ་ཏེ་སྤྱི་དམངས་ཅན་གྱི་སྒྲོག་འགྲེལ་དང་གོ་བདེ་ཅན་གྱི་འགྲེལ་བཤད་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཁྲོམ་གཞུང་སྲང་ལམ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་གསོན་ཉམས་དོད་པའི་སྐད་ཆ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གངས་ལྗོངས་ས་མཐོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱས་ཏེ“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས་རང་འགུལ་ངང་ཟབ་འཇུག་བྱེད་པ་དང་། བཞུགས་མོལ་དང་འཚམས་འདྲིར་སྐྱོད་པ། དངོས་སྡོད་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཡུལ་དངོས་སུ་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་བྱས་ཏེ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ལས་ཞུགས། རྒན་གསོ་སོགས་དམངས་འཚོའི་དོན་ཆེན་ཐག་གཅོད་གང་ཐུབ་ཀྱིས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་གཙོ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་མང་ཚོགས་ཀྱི་རེ་འདུན་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འགལ་བ་གཅིག་སྡུད་དང་། གནད་དོན་རྙོག་འཛིང་ཆེ་བ། ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ཡོད་ས་བཅས་སུ་མང་ཙམ་བསྐྱོད་དེ་ཡུལ་དངོས་སུ་གནད་དོན་གྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་དང་། འགལ་ཟླ་དང་རྩོད་གཞི་འདུམ་སྒྲིག་ཐག་གཅོད། མང་ཚོགས་ཀྱི་བསམ་ཚུལ་ལ་ཁྲིད་སྟོན་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།