དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་བོད་ཀྱི་གློག་བརྙན་བརྙན་འཕྲིན་དང་སྒྲ་བརྙན་དཔྱད་གཞིའི་མཛོད་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-20

    ཚེས་16ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་སྣེ་ཁྲིད་དེ་བོད་ཀྱི་གློག་བརྙན་བརྙན་འཕྲིན་དང་སྒྲ་བརྙན་དཔྱད་གཞིའི་མཛོད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པ་སྔོན་ལ་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ནས་རྣམ་གྲངས་ཨར་སྐྲུན་དང་། འཛུགས་སྐྲུན་གྱི་མྱུར་ཚད། བདེ་འཇགས་དོ་དམ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། དེ་རྗེས་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་སོགས་སྡེ་ཚན་དང་དེ་བཞིན་སྐྲུན་འགན་འཁུར་མཁན་དང་། ཨར་སྐྲུན། ཇུས་འགོད་ཚན་པ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་གནང་བ་རེད། ཁོང་གིས། བོད་ཀྱི་གློག་བརྙན་བརྙན་འཕྲིན་དང་སྒྲ་བརྙན་གྱི་དཔྱད་གཞིའི་མཛོད་ཀྱི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཡོད་ཅེས་གསུངས།

    དབང་ཧའེ་ཀྲོའུ་ཡིས། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་བཀོད་སྒྲིག་བླང་བྱ་ལྟར་གཅིག་གྱུར་དོ་དམ་དང་། གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་སྲུང་སྐྱོང་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་སྨྱན་སྦྱོར་ཚང་མ་གྲངས་འཛིན་ཅན་གྱི་ཐོན་ཁུངས་དཔྱད་གཞིའི་མཛོད་ནང་འཇུག་དགོས། གྲངས་འཛིན་ཅན་གྱི་ནུས་པར་གཞི་ཚུགས་ནས་རྣམ་གྲངས་དེ་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་བའི་གཙོ་གནད་དུ་བརྩིས་ཏེ། ཁྱད་ལྡན་ཐོན་ཁུངས་མཉམ་འདྲེས་དང་ཁྱད་ལྡན་རིན་ཐང་མངོན་པར་བྱས་ནས་དེའི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱེད་པ། བཟོ་རྩལ་མ་ལག་གི་ཚད་གཞི་དང་། ནུས་པ་སྒྲིག་འགོད། བཀོལ་སྤྱོད་བདག་སྐྱོང་དོ་དམ་སོགས་ཀྱི་འབྲེལ་ཡོད་དོན་དག་ཁ་གསལ་བཟོ་བ་བཅས་བྱས་ཏེ། སྤུས་འབོར་གཉིས་ལྡན་ལ་འགན་ལེན་དང་དུས་ཐོག་དང་ལས་ཕྱོད་ཆེན་པོས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།